ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་སྐབས་གསུམ་པའི་ཁཱ་རokགླུ་གཞས་འགྲན་ཚོགས་བསྡུས།
རམ་འདེགས་བྲོ་གར་གྱིས་སྙན་འཇེབས་ཀྱི་གླུ་སྐད་ལ་ངོ་མཚར་ཞིང་
འགུག་ཤུགས་ཆེ་བའི་ཡོན་ཏན་གསར་བ་བསྣན།
སློབ་གྲྭའི་རིག་གནས་མཁའ་དབུགས་ལེགས་སྐྲུན་དང་སློབ་གྲྭའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། སློབ་མའི་ཤེས་འཇོན་གྱི་ནུས་པ་སྐྱེད་སྲིང་བྱེད་པ་བཅས་ཀྱི་ཆེད་དུ། ཟླ12པའི་ཚེས12ཉིན་གྱི་ཕྱི་དྲོའི་དུས་ཚོད་གཉིས་ཀྱི་སྟེང་དུ་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་སྐབས་གསུམ་པའི་ཁཱ་རokགླུ་གཞས་འགྲན་བསྡུར་དེ་སློབ་གྲྭའི་ལྒང་རྒྱག་ར་བ་ནས་གཟབ་རྒྱས་ངང་སྤེལ།
རེབ་འདིའི་ཁྰ་རOKགླུ་གཞས་འགྲན་བསྡུར་ཁྲོད་ཨང་དང་པོ་ཐོབ་མཁན་གྱི་ན་གཞོན་གླུ་བ་སྟག་ལྷ་རྒྱལ།
འགྲན་བསྡུར་ལ་ཞུགས་པའི་གླུ་གཞས་ལེན་པའི་སློབ་གྲོགས་རྣམས་ཀྱི་ཚིག་དང་དབྱངས་ལ་ཡར་སྐུལ་གྱི་ནང་དོན་ཕུན་སུམ་ཚོགས་པ། སྒྱུ་རྩལ་དང་བསམ་བློའི་རང་བཞིན་མངོན་པར་དོད་པའི་ཆེད་དུ་རེབ་ འདིར་ངེས་པར་དུ་དབྱངས་ཀྱི་རམ་འདེགས་ཡོད་དགོས་པའི་རེ་བ་བཏོན་ཞིང་། གླུ་དབྱངས་དེའི་མ་གདངས་བརྗེ་གསོར་བྱེད་ཆོག་པའི་ཐོག་ནས་འགྲན་བསྡུར་གསོན་ཉམས་ལྡན་ཞིང་འགུག་ཤུགས་ཆེ་བ། ཡིད་བཞིན་དུ་ལེགས་འགྲུབ་ཡོང་ཆེད་རིམ་པ་གཉིས་སུ་བགར་ནས་འགྲན་བསྡུར་བྱས་པ་ཡིན།
མེ་ཏོག་གངས་ལྷའི་ཚན་སྡེབ་ཀྱིས་ལྟ་མཁན་དགེ་སློབ་ཡོངས་ལ་སྤྲོ་བ་
བསངས་ཤིང་ངོ་མཚར་བཀྲ་བའི་ལྟད་མོ་གྱ་ནོམ་པ་ཞིག་བྱིན།
བུ་མོ་རྡོ་རྗེ་གསེར་མཚོའི་རང་བྱུང་གི་འཛུམ་ཆུང་ལས་མ་འོངས་ཕུགས་རྒྱང་རིང་ཞིང་
མདུན་ལམ་གསལ་བའི་གླུ་མ་ཆུང་ཆུང་ཞིག་ཉན་པར་ཐེ་མི་ཚོམ།
རིམ་པ་དང་པོའི་སྐྱ་འགྲན་ཁྲོད་སློབ་གྲོགས40ལྷག་ལས་གླུ་བ་གླུ་མ22གདམ་བསལ་བྱས་ནས་རྟིང་རྩོད་འགྲན་ བསྡུར་ལ་ཞུགས། འདྲ་མཉམ། དྲང་བདེན་གྱི་ཚད་ཐིག་མི་གཡོ་བ་ཞིག་ཡོང་ཆེད། སློབ་གྲྭའི་ལོ་རིམ་སོ་སོ་ནས་དཔྱད་འདེམས་པ་ལྔ་ཙམ་གདན་འདྲེན་བྱས་ནས་དཔྱད་འཇོག་དང་སྐར་གྲངས་བཀོད་པ་ཡིན། མཛེས་ཉམས་ཀྱིས་ཕྱུག་ཅིང་བཀོད་སྒྲིག་ལེགས་པོའི་གར་སྟེགས་ལས་སློབ་གྲོགས་གནམ་ལྷ་ཚེ་རིང་དང་རྡོ་རྗེ་འཚོ། རིན་ཆེན་མཚོ་མོ་བཅས་སློབ་བུ་གསུམ་ལས་གྲུབ་པའི་མདོ་འཛིན་པས་རྒྱ་བོད་དབྱིན་སྐད་ཀྱི་མདོ་འཛིན་བྱས་པ་རེད།
གཅིག་མཛེས་གཅིག་ལྷག་གི་ཛ་དྲག་འགྲན་བསྡུར་བརྒྱུད་མཐར་བྱ་དགའི་
རྟགས་མ་རེ་རེ་ཀུན་གྱི་མཛེས་པའི་རྒྱན་དུ་གྱུར་འདུག
ཚགས་དམ་ཞིང་གོ་རིམ་ལྡན་པའི་དུས་ཚོད་གཉིས་ཀྱི་འགྲན་ཡུན་དེ་སྐད་ཅིག་ཉིད་དུ་འདས་ཤིང་། ཐེངས་འདིའི་འགྲན་བསྡུར་དུ་སློབ་ཆུང་དང་སློབ་འབྲིང་རིམ་པ་གཉིས་སུ་བགར་ཏེ་མཚན་སྙན་དཔང་ཡིག་གནང་ཞིང་བྱ་དགའི་དངོས་པོ་སློབ་སྦྱོང་གི་མཁོ་ཆས་སོགས་ཀྱིས་སློབ་གྲོགས་རྣམས་ལ་སྐུལ་མ་དང་རྟིང་སྐུལ་གནང་བས། ཨང་དང་བོ་གཅིག ཨང་གཉིས་པ་གཉིས། ཨང་གསུམ་པ་གསུམ། རྟིང་སྐུལ་བྱ་དགའ་བཅུ་གཅིག་བཅས་བཀོད་སྒྲིག་བྱས་པར་ལྟ་མཁན་རྣམས་ཀྱི་ལྷང་ལྷང་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཁྲི་ཕྲག་གི་ཁྲོད་ནས་རེབ་འདིའི་གླུ་གཞས་འགྲན་བསྡུར་བདེ་ལེགས་ངང་མཇུག་རྫོགས་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com