མཉམ་འབྲེལ་རྒྱལ་ཚོགས་ཡ་གླིང་ཐེབས་རྩ་ཚོགས་པས་སློབ་སྒྲུབ་རོགས་སྐྱོར་གནང་བའི་བྱ་འགུལ་སྤེལ་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-12-20 10:55:00 ཀློག་གྲངས།:


མཉམ་འབྲེལ་རྒྱལ་ཚོགས་ཡ་གླིང་ཐེབས་རྩ་ཚོགས་པས་གློག་ཀླད་གནང་བའི་མཛད་སྒོ་བསྡུ་བཞིན་པ།

  ཟླ12པའི་ཚེས7ཉིན་ནས་ཚེས12ཉིན་བར་དུ། མཉམ་འབྲེལ་རྒྱལ་ཚོགས་ཡ་གླིང་ཐེབས་རྩ་ཚོགས་པས་གཙན་ཚ་རྫོང་མི་རིགས་སློབ་འབྲིང་དང་པོ་དང་། གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པ། མང་རྫོང་མི་རིགས་སློབ་འབྲིང་བཅས་སོ་སོར་སྤྱིའི་རིན་ཐང་སྒོར1062000ཡོད་པའི་ལག་འཁྱེར་གློག་ཀླད111དང་། 103། 140བཅས་གནང་། འདི་ནི་ཐེབས་རྩ་ཚོགས་པ་འདིས་ཉེ་བའི་ལོ་ནང་སློབ་ཆུང་དང་སློབ་འབྲིང་གི་སློབ་སྒྲུབ་ཆ་རྐྱེན་ཇེ་ལེགས་སུ་གཏོང་བར་རོགས་སྐྱོར་གནང་བའི་བྱ་འགུལ་ཁྲོད་གཞི་རྒྱ་ཅུང་ཆེ་བའི་མ་དངུལ་བཏང་བའི་ལས་གཞི་ཞིག་ཡིན་པ་རེད། གཅན་ཚ་རྫོང་མི་རིགས་སློབ་འབྲིང་དང་པོ་དང་གཉིས་པ་སོ་སོས་རོགས་སྐྱོར་གནང་བའི་མཛད་སྒོ་གཟབ་རྒྱས་བསྡུས་ཤིང་། ཡུལ་དངོས་སུ་སློབ་ཁྲིད་ཀྱི་བྱ་བར་ཉིན་མཚན་དབྱེར་མེད་དུ་བརྩོན་པའི་དགེ་རྒན350ལྷག་ལ་ལག་འཁྱེར་གློག་ཀླད་གནང་བས། མཉམ་འབྲེལ་རྒྱལ་ཚོགས་ཡ་གླིང་ཐེབས་རྩ་ཚོགས་པས་ལས་གཞི་སློབ་གྲྭའི་མཛད་རྗེས་ཡོད་པའི་དགེ་རྒན་སོ་སོར་ལག་འཁྱེར་གློག་ཀླད་གནང་བའི་དམིགས་འབེན་མངོན་འགྱུར་བྱུང་བ་རེད།


མཉམ་འབྲེལ་རྒྱལ་ཚོགས་ཡ་གླིང་ཐེབས་རྩ་ཚོགས་པས་ལས་གཞི་སློབ་གྲྭར་སྒོ་བྱང་གནང་བཞིན་པ།
མཉམ་འབྲེལ་རྒྱལ་ཚོགས་ཡ་གླིང་ཐེབས་རྩ་ཚོགས་པས་ལས་གཞི་སློབ་གྲྭར་སྒོ་བྱང་གནང་བཞིན་པ།


སློབ་གྲྭ་འགོ་ཁྲིད་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཡ་གླིང་ཐེབས་རྩ་ཚོགས་པའི་ལས་གཞིའི་འགོ་གཙོ་དོན་འགྲུབ་ཚེ་བརྟན་ལགས་ལ
བཀའ་དྲིན་ཞུ་བའི་གོས་དར་གནང་བཞིན་པ།

མཉམ་འབྲེལ་རྒྱལ་ཚོགས་ཡ་གླིང་ཐེབས་རྩ་ཚོགས་པས་གློག་ཀླད་གནང་བའི་མཛད་སྒོ་བསྡུ་བ།

  སློབ་གསོའི་ཐོན་ཁུངས་འདྲ་མཉམ་དང་། ཞང་གྲོང་གི་བར་ཐག་དང་ཡུལ་ཁོངས་ཀྱི་སློབ་གསོའི་བར་ཐག་ཇེ་ཐུང་དུ་གཏོང་བ་བཅས་མངོན་འགྱུར་བྱེད་པའི་བྱེད་ཐབས་གཙོ་བོ་ཞིག་ནི་སློབ་གསོའི་ཐོན་ཁུངས་འདྲ་མཉམ་གྱིས་སྤྱོད་པ་དང་། སློབ་གསོའི་བྱེད་ཐབས་དེང་རབས་ཅན་དུ་བསྒྱུར་བ། ཡུལ་མཐའི་དབུལ་ཕོངས་ཡིན་པའི་རོང་འབྲོག་ཁུལ་དུ་སློབ་ཁྲིད་ཀྱི་ལས་ལ་བརྩོན་པའི་དགེ་རྒན་རྣམ་པས་དུས་ཐོག་ཏུ་རྒྱལ་ཁབ་ཕྱི་ནང་གི་སློབ་གསོའི་འདུ་ཤེས་སྔོན་ཐོན་ཅན་རྒྱུས་ལོན་དང་ལག་ལེན་བྱེད་པ། དེང་རབས་ཀྱི་སློབ་གསོ་དང་སློབ་ཁྲིད་ཐབས་ལམ་སློབ་སྦྱོང་བྱེད་པ། དེ་མིན་ཚན་རྩལ་སློབ་ཁྲིད་སྒྲིག་གཞི་ཐོན་རྫས་སྤྱོད་ཤེས་པར་བྱེད་དགོས་ལ། དེ་ནི་དེང་སྐབས་མི་རིགས་ས་ཁུལ་གྱི་སློབ་སྒྲུབ་ཆ་རྐྱེན་དང་སློབ་གསོའི་སྤུས་ཚད་ཇེ་ལེགས་སུ་གཏོང་བའི་ཐབས་ལམ་མཆོག་གྱུར་ཞིག་ཡིན་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཡ་གླིང་ཐེབས་རྩ་ཚོགས་པའི་མཚོ་སྔོན་ལས་སྒྲུབ་ཁང་གིས2006ལོ་ནས་བཟུང་ཐབས་བརྒྱ་ཇུས་གཏོང་གིས་ཞིང་ཆེན་ཕྱི་ནང་གི་མི་རིགས་ས་ཁུལ་གྱི་སློབ་ཆུང་དང་སློབ་འབྲིང་རྣམས་ལ་སློབ་གསོའི་སྒྲིག་ཆས་དང་ལུས་རྩལ་ཡོ་ཆས་སྣ་ཚོགས་གནང་བར་བརྒྱུད། ལས་གཞི་སློབ་གྲྭའི་སློབ་ཁྲིད་ཆ་རྐྱེན་ཇེ་ལེགས་དང་རིག་རྩལ་བྱ་འགུལ་གྱི་སྒྲིག་ཆས་ཁ་སྣོན་བྱས་པས་ལས་གཞི་སློབ་གྲྭར་སློབ་སྒྲུབ་ཀྱི་མཐུན་རྐྱེན་གང་ལེགས་བསྐྲུན་པར་མཛད་རྗེས་བླ་མེད་བཞག་པའོ། །


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།