བོད་ལྗོངས་ཡིག་ཚགས་ཁང་གིས་ལོ་རྒྱུས་ཡིག་ཚགས་མ་ལག་བཞི་གྲངས་འཛིན་ཅན་དུ་བསྒྱུར་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-12-21 09:00:00 ཀློག་གྲངས།:
  བོད་ལྗོངས་ཡིག་ཚགས་ཁང་གི་འགོ་གཙོ་གཞོན་པ་བསོད་ནམས་རྒྱལ་ལགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཡིག་ཚགས་ཁང་འདི་གས་བསམ་འགྲུབ་ཕོ་བྲང་སོགས་ཡིག་ཚགས་མ་ལག་བཞི་དང་ལོ་རྒྱུས་ཡིག་ཚགས་པོ་ཏི་ཁྲི1ལྷག་གྲངས་འཛིན་ཅན་དུ་བསྒྱུར་བ་དང་བསྡུ་སྒྲིག་བྱེད་པ་སོགས་ཀྱི་ལས་ཀ་ལེགས་འགྲུབ་བྱུང་བ་རེད།
  བོད་ལྗོངས་ཡིག་ཚགས་ཁང་གིས་ཡོན་རྒྱལ་རབས་སྐབས་ནས་འགོ་བཙུགས་ཏེ་མིང་ཆིང་རྒྱལ་རབས་དང་ཀྲུང་ཧྭ་མི་སེར་རྒྱལ་ཁབ་བརྒྱུད་ནས་དུས་རབས་སྔོན་མའི་ལོ་རབས50བའི་བར་གྱི་ལོ་རྒྱུས་ཡིག་ཚགས་བསྡུ་ཉར་བྱས་ཡོད་ཅིང་། སྔ་ཕྱིས་སུ་བགྲང་བྱ700ལྷག་གི་དུས་བརྒལ་བ་དང་། ཁྱོན་སྡོམ་ཡིག་ཚགས་མ་ལག150ལྷག་དང་པོ་ཏི་ས་ཡ3ལྷག་ཡོད་པ་རེད།
  བསོད་ནམས་རྒྱལ་ལགས་ཀྱིས་བཤད་རྒྱུར། ཡིག་ཚགས་ལེགས་སྒྲིག་གི་གོམས་སྟབས་ཇེ་མགྱོགས་སུ་གཏོང་བར་དམིགས་ནས་ཡིག་ཚགས་ཁང་གིས་མི་ཤུགས་བཀོད་སྒྲིག་བྱས་ཏེ་བོད་ལྗོངས་ལོ་རྒྱུས་ཡིག་ཚགས་ཀྱི་གྲུབ་ཚུལ་དང་སྤུས་ཀ་སོགས་ལ་དབྱེ་ཞིབ་ཞིབ་མོ་བྱས་ཤིང་། རང་འགུལ་གྱིས“བོད་ལྗོངས་ལོ་རྒྱུས་ཡིག་ཚགས་དོ་དམ་མ་ལག”མཉེན་ཆས་གསར་སྤེལ་བྱས་ལ། དེས་ལོ་རྒྱུས་ཡིག་ཚགས་དོ་དམ་དང་། བསྡུ་སྒྲིག  མྱུར་སྐྱོབ། སྒྱུར་སྒྲིག  གསར་སྤེལ་བཀོལ་སྤྱོད་སོགས་བྱེད་ཐུབ། མ་ལག་འདིར2010ལོར་ཀྲུང་གོའི་རྒྱལ་ཁབ་ཡིག་ཚགས་ཅུའི་ཕུལ་བྱུང་ཚན་རྩལ་གྲུབ་འབྲས་བྱ་དགའ་ཐོབ་ཅེས་བརྗོད་པ་རེད།
  གྲངས་འཛིན་ཅན་གྱི་ལག་རྩལ་དེའི་མཐུན་རྐྱེན་ལ་བརྟེན་ནས་བོད་ལྗོངས་ཡིག་ཚགས་ཁང་གིས་ལོ་ཕྱེད་ནང་དུ་ལེགས་སྒྲིག་བྱེད་བཞིན་པའི་བཀའ་ཤག་ཡིག་ཚགས་མ་ལག་དེའི་པོ་ཏི་འབུམ1ལྷག་གྲངས་འཛིན་ཅན་དུ་བསྒྱུར་བ་དང་བསྡུ་སྒྲིག་བྱས་ཚར་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།