ལྷོ་ནུབ་མི་རིགས་སློབ་ཆེན་སྐབས་དགུ་བའི་རྩོད་གླེང་འགྲན་བསྡུར་མཇུག་སྒྲིལ་བ།
ཟླ12བའི་ཚེས16ཉིན་གྱི་དགོང་མོ། ནུབ་བྱང་མི་རིགས་སློབ་ཆེན་རྩོད་གླེང་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི་སྐབས་དགུ་བའི་སློབ་མའི་རྩོད་གླེང་མཇུག་མཐའི་འགྲན་བསྡུར་དེ་སློབ་ཁུལ་གསར་བའི་རིག་གཞུང་སྙན་ཞུ་ཐིན་དུ་སྤེལ་ཞིང་། བོད་རིག་པ་ཞིབ་འཇུག་གླིང་གིས་ཟླ་བ་གཅིག་རིང་གི་ཐོག་མའི་འགྲན་བསྡུར་དང་བར་གྱི་འགྲན་བསྡུར་སོགས་ཛ་དྲག་གི་འགྲན་བསྡུར་རབས་དང་རིམ་པ་བརྒྱུད་མཐར་དཔལ་འབྱོར་རིག་པའི་གླིང་དང་། རྫས་འགྱུར་རིག་པའི་གླིང་། དོ་དམ་རིག་པའི་གླིང་བཅས་རྩོད་གླེང་རུ་ཁག་དྲག་པོ་དག་བསྟུད་མར་ཕམ་པར་བྱས་པ་མ་ཟད། ན་ནིང་གི་རྩོད་གླེང་འགྲན་བསྡུར་ཁྲོད་ཨང་དང་པོ་ཐོབ་པའི་ཁྲིམས་ལུགས་རིག་པའི་གླིང་དང་འགྲན་རྩོད་བྱས་ནས་རྒྱལ་ཁ་བླངས་པ་རེད།
ཐེངས་འདིའི་རྩོད་གླེང་གི་བརྗོད་བྱ་སྟེ་གོ་ལ་ཧྲིལ་བོ་ཅན་གྱིས་དཔལ་ཡོན་གྱི་འཕེལ་རྒྱས་ལ་དགེ་མཚན་ཡོད་མིན་དེ་ཡིན་ཞིང་། དྲང་ཕྱོགས་ཁྲིམས་ལུགས་རིག་པའི་གླིང་གི་ལྟ་བ་ནི་གོ་ལ་ཧྲིལ་བོ་ཅན་དེས་དཔལ་ཡོན་འཕེལ་རྒྱས་ལ་ཕན་པར་སྨྲ་བ་དང་། ལྡོག་ཕྱོགས་བོད་རིག་པའི་གླིང་གིས་དེའི་ལྡོག་ཕྱོགས་ཀྱི་ལྟ་བ་ནས་བཟུང་སྟེ་རྩོད་གླེང་བྱེད་པ་རེད།
དྲང་ཕྱོགས་ཀྱིས་ལྡོག་ཕྱོགས་པར་དྲི་བ་བཞི་བཏང་ནས་གོ་ལ་ཧྲིལ་བོ་ཅན་གྱི་དགོས་གལ་རང་བཞིན་དང་ལུགས་མཐུན་རང་བཞིན་དྲངས་པ་དང་། ལྡོག་ཕྱོགས་པས་དབུལ་ཕྱུག་བར་ཐག་རྒྱ་ཆེ་རུ་སོང་བ་དང་དབུལ་ཕོངས་མི་གྲངས་མུ་མཐུད་དུ་ཇེ་མང་དུ་ཕྱིན་པ་སོགས་དངོས་ཡོད་ཀྱི་གནད་དོན་རབས་དང་རིམ་པ་དཔེར་དྲངས་ཏེ་དྲིས་ལན་སློག་པ་རེད།
མཇུག་མཐར། ཡོངས་ཁྱབ་ཀྱི་དཔྱད་འདེམ་པས་འདེམ་ཤོག་འཕངས་ནས་སྤྱི་བསྒྲགས་བྱས་ཤིང་། ཆེས་ལེགས་པའི་རྩོད་གླེང་པ15དང་། བོད་རིག་པ་ཞིབ་འཇུག་གླིང་ལ་འདེམ་ཤོག8ཐོབ་པས་ཁྲིམས་ལུགས་རིག་པའི་གླིང་གི་འདེམ་ཤོག7ལས་རྒྱལ་ནས་ཨང་དང་པོ་དང་། ཁྲིམས་ལུགས་རིག་པའི་གླིང་གིས་ཨང་གཉིས་པ། རྩིས་འཁོར་ཚན་རིག་གླིང་དང་དོ་དམ་རིག་པའི་གླིང་གཉིས་ཀར་ཨང་གསུམ་པ་ཐོབ་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com