ཀྲུང་དབྱང་མི་རིགས་སློབ་ཆེན་བོད་བརྒྱུད་ནང་བསྟན་ཞིབ་འཇུག་འཛིན་གྲྭའི་སློབ་འགོ་ཚུགས་པའི་མཛད་སྒོ་བསྡུས།
མཛད་སྒོ་བསྡུ་བའི་ཡུལ་དངོས།
ཟླ12བའི་ཚེས20ཉིན། ཀྲུང་དབྱང་མི་རིགས་སློབ་ཆེན་བོད་བརྒྱུད་ནང་བསྟན་ཞིབ་འཇུག་འཛིན་གྲྭའི་སློབ་འགོ་ཚུགས་པའི་མཛད་སྒོ་བསྡུས་པ་རེད། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་རྣམ་པ་དང་། བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པའམ་འབུམ་རམས་པའི་སློབ་སྟོན་དགེ་རྒན་ཆེན་མོ་ཁྲིན་ཆིང་དབྱིན། ཀྲུང་དབྱང་མི་རིགས་སློབ་ཆེན་བོད་བརྒྱུན་ནང་བསྟན་ཞིབ་འཇུག་འཛིན་གྲྭའི་སློབ་མ་སོགས་མཛད་སྒོའི་སྟེང་ཞུགས་པ་རེད།
ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་གླིང་གི་གླིང་གཙོ་གཞོན་པ་བཀྲ་བྷ་ལགས་ཀྱིས་བོད་བརྒྱུད་ནང་བསྟན་ཞིབ་འཇུག་འཛིན་གྲྭའི་བསླབ་ཚན་བཀོད་སྒྲིག་དང་། དགེ་རྒན་གྱི་དཔུང་སྡེ། སློབ་མ་བསྡུ་བའི་གནས་ཚུལ་སོགས་མཚམས་སྦྱོར་བྱས་ཤིང་། དྲ་ཐོག་ནང་བསྟན་གྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་ཐཱོང་ཧྥུན་དབྱིན་གྱིས་བོད་བརྒྱུད་ནང་བསྟན་ཞིབ་འཇུག་འཛིན་གྲྭའི་རོགས་སྒྲུབ་ལས་ཁུངས་ཏེ་དྲ་ཐོག་ནང་བསྟན་གྱི་འབྲེལ་ཡོད་གནས་ཚུལ་དང་འཛིན་གྲྭ་འདི་འཛུགས་དགོས་པའི་དམིགས་འབེན་སོགས་མཚམས་སྦྱོར་བྱས་པ་རེད།
དགེ་རྒན་ཆེན་མོ་ཁྲིན་ཆིང་དབྱིན་ལགས་ཀྱིས་སློབ་ཁྲིད་གནང་བཞིན་པ།
སློབ་མ་རྣམས་ཀྱིས་ནན་ཏན་སྒོས་སློབ་ཁྲིད་ལ་ཉན་བཞིན་པ།
མཛད་སྒོ་མཇུག་བསྒྲིལ་རྗེས་དགེ་རྒན་ཆེན་མོ་ཁྲིན་ཆིན་དབྱིན་ལགས་ཀྱིས་དགེ་སློབ་རྣམས་ལ《བོད་བརྒྱུན་ནང་བསྟན་བསྟན་བཅོས་མདོར་བསྟན》ཞེས་པའི་སློབ་ཁྲིད་དང་པོ་ཚོགས་པ་རེད།
ཀྲུང་དབྱང་མི་རིགས་སློབ་ཆེན་བོད་བརྒྱུད་ནང་བསྟན་ཞིབ་འཇུག་འཛིན་གྲྭའི་སློབ་མ་རྣམས་ཀྱིས་བསླབ་ཚན་གྱི་སྦྱངས་འབྲས་ལེགས་པོ་ལོན་རྗེས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་གླིང་གིས་སློབ་གྲྭ་དེ་གའི་རམས་འབྱམས་པའི་བསླབ་ཚན་གྱི་སློབ་མཇུག་སྒྲིལ་བའི་འཛིན་ཡིག་གནང་རྒྱུ་ཡིན་ཞིང་། རྒྱལ་ཁབ་དང་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་རབ་འབྱམས་པའི་ཡོན་གནས་རེ་ཞུའི་ཆོད་དོན་དང་མཐུན་པར་རེ་ཞུ་བྱས་ནས་འབྲེལ་ཡོད་ཀྱི་རྒྱུགས་གཞི་ལེན་པ་དང་། མཐར་ཕྱིན་དཔྱད་རྩོམ་འབྲི་བ། ཕར་ཕྱིན་དམ་བཅའ་འཇོག་པ་བཅས་ཀྱི་རིམ་པ་བརྒྱུད་མཐར་རབ་འབྱམས་པའི་ཡོན་གནས་འཛིན་ཡིག་གནང་རྒྱུ་ཡིན་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com