ཀྲུང་དབྱང་མི་རིགས་སློབ་ཆེན་དུ་རྗེ་ཙོང་ཁ་པ་རྗེས་དྲན་གྱི་བགྲོ་གླེང་ཚོགས་འདུ་བསྡུས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-12-22 10:12:00 ཀློག་གྲངས།:


རྒན་གོ་ཤུལ་གྲགས་པ་འབྱུང་གནས་ཀྱིས་གསུང་བཤད་གནང་བ།

           ཟླ12པའི་ཚེས20ཉིན་གྱི་ཕྱི་དྲོ(བཅུ་བའི་ལྔ་མཆོད་ཉིན)། ཀྲུང་དབྱང་མི་རིགས་སློབ་ཆེན་དུ་རྗེ་ཙོང་ཁ་པ་རྗེས་དྲན་གྱི་རིག་གཞུང་བགྲོ་གླེང་སྐབས་དང་པོ་བསྡུས་ཤིང་། རྒན་གོ་ཤུལ་གྲགས་པ་འབྱུང་གནས་ཀྱིས་རྗེ་རིན་པོ་ཆེས་ཐོས་བསམ་ཇི་ལྟར་གནང་ཚུལ་དང་དགེ་ལེགས་ཐམས་ཅད་ཀྱི་རྩ་བ་བཤེས་གཉེན་དམ་པ་དག་ལ་རག་ལས་ཡོད་ཚུལ་གསུངས་པ་རེད།


ཉི་ཧོང་མོ་ཀོ་ཡེའུ་ཅེའེ་ཞི་ཡིས་ཉི་ཧོང་དང་བོད་པའི་བར་གྱི་ནང་ཆོས་བརྗེ་སྤེལ་བྱས་ནས་ལོ་
འཁོར110ལོན་པའི་སྐོར་མདོར་ཙམ་གླེང་བ་ཞེས་པའི་དཔྱད་རྩོམ་སྒྲོག་འདོན་བྱེད་པ།


བགྲོ་གླེང་ཚོགས་འདུའི་ཟུར་ཞིག

           དེ་ཡང་བཅུ་བའི་ལྔ་མཆོད་ཉིན་གྱི་བགྲོ་གླེང་འདི་ནི2010ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་དགེ་རྒན་ཆེན་མོ་སྟུག་རྒྱའི་བཀའ་སྲུང་མགོན་པོའམ་རིག་པའི་ཁུ་བྱུག་གིས་རྩ་འཛུགས་གནང་སྟེ་དར་བའི་སྲོལ་གསར་བ་ཞིག་ཏུ་སྣང་ཞིང་། 2011ལོར་རིག་གཞུང་བགྲོ་གླེང་སྐབས་དང་པོ་དངོས་སུ་འགོ་བཙུགས་ནས་རྗེ་རིན་པོ་ཆེར་རྗེས་དྲན་ཞུ་བ་དང་ཆབས་ཅིག་ཏུ་དངོས་གཞི་དང་རབ་འབྱམས་པའི་དཔྱད་རྩོམ་ལེགས་ཤོས་འགའ་སྒྲོག་འདོན་མཉམ་སྦྱོང་བྱས།  ཉི་ཧོང་མོ་ཀོ་ཡེའུ་ཅེའེ་ཞི་ཡིས་ཉི་ཧོང་དང་བོད་པའི་བར་གྱི་ནང་ཆོས་བརྗེ་སྤེལ་བྱས་ནས་ལོ་འཁོར110ལོན་པའི་སྐོར་མདོར་ཙམ་གླེང་བ་ཞེས་པའི་དཔྱད་རྩོམ་དུ་རྒྱལ་དབང་བཅུ་གསུམ་སྐབས་ཀྱི་ཉི་ཧོང་གི་གྲྭ་བཙུན་བོད་དུ་ཕེབས་ཏེ་སློབ་གཉེར་སོགས་ཀྱི་ལས་ལ་བརྩོན་ཚུལ་མཚམས་སྦྱོར་བྱས།

 
གླིང་གཙོ་གཞོན་པའམ་རྒན་བཀྲ་བྷ་ལགས་ཀྱིས་སྤྱི་བསྡོམས་བྱས་པ།

           དེ་མུར། གླིང་གཙོ་གཞོན་པ་རྒན་བཀྲ་བྷ་ལགས་ཀྱིས་དཔྱད་རྩོམ་མཉམ་སྦྱོང་གི་གོ་རིམ་ལས་བྱུང་བའི་ཞན་ཆ་དང་ལྟོས་བཅས་ཀྱི་བསམ་འཆར་འགའ་བརྗོད་པ་སྟེ།  རིག་གཞུང་དཔྱད་རྩོམ་སྒྲོག་འདོན་མཉམ་སྦྱོང་སྐབས་སུ་སྐར་མ20ཡི་དུས་ཚོད་དམ་འཛིན་བྱས་ཏེ་རྩོམ་གྱི་བརྗོད་སྙིང་བསྡུས་དགོས་པ་དང་།  ད་སྔ་བོད་ཀྱི་རིག་གནས་འདི་འདྲའི་འཕེལ་རྒྱས་སུ་ཕྱིན་པའང་སྔོན་བྱོན་མཁས་དབང་རྣམས་ཀྱི་དྲིན་ཡིན་པས་ཁོང་ཚོ་ནམ་ཡང་རྗེས་སུ་ཡི་རང་དང་དྲིན་དྲན་དགོས་པ། དེར་མ་ཟད་ད་ཐེངས་དཔྱད་རྩོམ་སྒྲོག་འདོན་མཉམ་སྦྱོང་ཁྲོད་ལས་ཞུགས་སློབ་མ་མེད་སྟབས་མདོ་དབུས་ཁམས་གསུམ་གྱི་ཆ་དོད་པོ་ལྡན་ཟེར།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།