《གེ་སར་སྒྲུང》གི་རྒྱ་འགྱུར་མའི་དཔེ་ཚོགས་པར་དུ་བསྐྲུན་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-12-23 09:23:00 ཀློག་གྲངས།:


《གེ་སར་སྒྲུང》གི་རྒྱ་འགྱུར་མའི་དཔེ་ཚོགས།

  ཉེ་ཆར། མཚོ་སྔོན་མི་རིགས་སློབ་ཆེན་གྱི《གེ་སར》ཞིབ་འཇུག་གི་སྣེ་སྟོན་དགེ་རྒན་ཆེན་མོ་གཅོད་པ་དོན་གྲུབ་ལགས་ཀྱིས་འགོ་འཛིན་བྱས་ཏེ་བསོད་ནམས་སྒྲོལ་མ་དང་། ཆབ་འགག་རྟ་མགྲིན་ཚེ་རིང་། ཧཱོང་ཀྲི། དབང་ཆེན་ཚེ་རིང་སོགས་ཐུན་མོང་གིས་ཧུར་ཐག་བྱས་ནས་ལེགས་འགྲུབ་བྱུང་བའི་རྒྱ་འགྱུར་མའི《གེ་སར་སྒྲུང》གི་དཔེ་ཚོགས་དེ་པེ་ཅིང་དུ་པར་བསྐྲུན་བྱས་པ་རེད།
  དཔེ་ཚོགས་འདི་ལ་དེབ8དང་ཡིག་འབྲུ་ས་ཡ2ལ་ཉེ་བ་ཞིག་ཡོད་པར་མ་ཟད། དེའི་ནང་དུ་སྔ་མའི་ཐང་གའི་མཛེས་རིས་ཀྱང་བཀོད་འདུག འདི་ནི་ཀྲུང་གོ་གསར་བ་དབུ་བརྙེས་པའི་རྗེས་ཀྱི་ཚབ་མཚོན་རང་བཞིན་གྱི་འགྱུར་དཔེ་ཐོག་མ་ཡིན་ཞིང་། རྒྱལ་ཁབ་པར་སྐྲུན་ཐེབས་རྩའི་རོགས་དངུལ་ལས་གཞིའི་འབྲས་བུ་ཐོག་མ་དང་། སློབ་གསོ་པུའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གི་དུས་མཇུག་རོགས་དངུལ་ལས་གཞིའི་འབྲས་བུ་ཞིག་ཀྱང་ཡིན་པ་རེད།
  དཔེ་ཚོགས་འདི་ནི་དུས་རབས20བའི་ལོ་རབས་ལྔ་བཅུ་ནས་དྲུག་ཅུ་བར་དུ་མཁས་དབང་ཚེ་ཏན་ཞབས་དྲུང་སོགས་བོད་ཀྱི་མཁས་པ་རྣམས་ཀྱི་འགྱུར་ཡིག་གི་རྨང་གཞིའི་སྟེང་ལས་གཞིའི་ཁོངས་མི་རྣམས་ཀྱི་མུ་མཐུད་དུ་ལེགས་སྒྲིག་དང་ཞུ་དག་བྱས་ནས་ལེགས་འགྲུབ་བྱུང་བ་ཡིན་ལ། དེའི་ཁྲོད་དེང་རབས་གསར་དུ་ལོ་ཙཱ་བྱས་པའི་བརྩམས་ཆོས་ལ《ཞང་ཞུང་མུ་ཏིག་རྫོང》སོགས་ཁག་དུ་མ་འདུས།
  《གེ་སར་སྒྲུང》གི་རྒྱ་འགྱུར་མའི་དཔེ་ཚོགས་འདི་པར་སྐྲུན་བྱས་པ་ནི་ཀྲུང་ཧྭ་མི་རིགས་རྩོམ་རིག་འཕེལ་རྒྱས་ཀྱི་ལོ་རྒྱུས་སྟེང་གི་བྱ་གཞག་རླབས་པོ་ཆེ་ཞིག་ཡིན་ཞིང་། རང་རྒྱལ་ལ《གེ་སར་སྒྲུང》གི་རྒྱ་འགྱུར་མའི་དཔེ་ཚོགས་མེད་པའི་སྟོང་ཆ་བསྐངས་པར་བརྟེན། 《གེ་སར་སྒྲུང》གི་ལོ་ཙཱ་དང་། ལེགས་སྒྲིག  ཞིབ་འཇུག་བཅས་སུ་སྐུལ་འདེད་ཀྱི་ནུས་པ་ཐོན་པར་མ་ཟད། མི་རིགས་ཕན་ཚུན་རིག་གནས་འབྲེལ་འདྲིས་དང་། མི་རིགས་ཀྱི་མཚར་སྡུག་འོད་སྟོང་འབར་བའི་སྲོལ་རྒྱུན་རིག་གནས་འཛིན་སྤེལ་བྱེད་པ། དེ་མིན་རང་རྒྱལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་སྔོག་འདོན་དང་མྱུར་སྐྱོབ་བྱེད་པར་དམིགས་བསལ་གྱི་དོན་སྙིང་ཆེན་པོ་ལྡན་པའོ།།
  དཔེ་ཚོགས་འདིའི་ཁོངས་སུ་དཔེ་ལག་བརྒྱད་འདུས་པ་སྟེ། 《འདན་མའི་ནས་རྫོང》དང་། 《ཤན་འདན་ནང་འཁྲུགས》《སྟག་གཟིག་ནོར་རྫོང》《ཁ་ཆེ་གཡུ་རྫོང》《ཞང་ཞུང་མུ་ཏིག་རྫོང》《བྱེ་རེའི་བྱུར་རྫོང》《གངས་རིའི་ཤེལ་རྫོང》《ཨ་སྟག་ལྷ་མོ》བཅས་སོ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།