ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་སྐབས་གཉིས་པའི་ཐག་འཐེན་འགྲན་སྡུར་གྱི་བྱ་འགུལ་སྤེལ།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-12-23 10:20:00 ཀློག་གྲངས།:


འགྲན་སྡུར་གྱི་མགོ་མ་བརྩམ་གོང་གི་ཤེས་ཤུགས་གཅིག་ལ་བསྡུས་པའི་སློབ་གྲོགས་ཚོའི་རྣམ་པ།

          ལུས་ཕུང་སྦྱོང་བརྡར་བྱས་ན་ཚེ་སྲོག་གི་རྒྱུན་ཐག་ཇེ་རིང་ལ་གཏོང་བར་ཕན་ཞེས་པ་ལྟར། དགུན་ཟླའི་གྲང་ངར་ཇི་འདྲའི་རྒོད་ན་ཡང༌། སློབ་སྐབས་འདིར་འཆར་གཞི་བཀོད་པའི་ཆེས་མཇུག་མཐའི་བྱ་འགུལ་ཏེ། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སྐབས་གཉིས་པའི་ཐག་འཐེན་འགྲན་སྡུར་དེ་སློབ་གྲྭའི་ལྒང་རྩེད་ར་བ་ནས་ཉིན་གཉིས་ཀྱི་དུས་ཚོད་བཀོད་སྒྲིག་བྱས་འོག་སློབ་གྲོགས་རྣམ་པའི་འུར་ཟིང་གི་འབོད་སྒྲ་དང་ལ་རྒྱའི་ཁོག་དཔུང་གི་ཨམ་གཙིགས་ཁྲོད་ནས་རྒྱལ་ཁའི་ངང་མཇུག་སྒྲིལ།


ཤེད་ཤུགས་ཁོལ་ཞེས་པའི་ཀི་སྒྲ་དང་སྟོབས་ཤུགས་ཡོད་ཚད་རྩལ་དུ་སྤྲུག་པའི་རྣམ་པ་
ལས་མཇུག་མཐའི་རྒྱལ་ཁའི་རྟགས་མ་ཁོ་ཚོར་དབང་བ་ངང་གིས་མཚོན།

          ཐེངས་འདིའི་འགྲན་སྡུར་སྔོན་མའི་འགྲན་སྡུར་དང་མི་མཐུན་ས་ཡོད་པ་ནི། སློབ་གྲྭའི་རྩལ་སྦྱང་དགེ་རྒན་དག་ཚོ་ཁག་གསུམ་དུ་བགར་ནས་དུས་ཚོད་གཅིག་གི་ནང་དུ་འགྲན་ཁུལ་གསུམ་ནས་འགྲན་སྡུར་བྱས་པ་དེ་རེད། རྒྱུ་མཚན་གཙོ་བོ་ནི་སློབ་གྲྭ་སྤྱི་ལ་ལོ་རིམ་དགུ་ཡོད་ཅིང་འཛིན་གྲྭ་དྲུག་ཅུ་རེ་བཞིས་གྲུབ་པས། འགྲན་ཁུལ་གཅིག་ནས་ལོ་རིམ་རེ་རེ་བཞིན་འགྲན་སྡུར་བྱས་ཚེ་ཚེགས་ཧ་ཅང་ཆེ་བ། དུས་ཚོད་ངེས་ཅན་ཞིག་ལ་མ་གཏོགས་འགྲན་སྡུར་མཇུག་རྫོགས་དཀའ་བའི་རྐྱེན་གྱིས་བྱ་ཐབས་འདི་སྤྱད་པ་ཡིན།


འགྲན་སྡུར་གྱི་གོ་རིམ་ཁྲོད་དུ་གཡས་གཡོན་ན་ཅེར་བའི་ལྟད་མོ་བ་ལའང་ངར་
ཤུགས་ཕུད་འདོད་པའི་འགུག་ཤུགས་དྲག་པོ་བྱིན།

          ཐེངས་འདིའི་འགྲན་སྡུར་ལ་སློབ་ཆུང་ལོ་རིམ་དང་པོ་ནས་ལོ་རིམ་དགུ་བའི་བར་གྱི་ལོ་རིམ་དགུ་ཞུགས་ཡོད་ཅིང༌། དེ་ལ་ཡང་སྐྱེས་པའི་རུ་ཁག་དང་སྐྱེས་མའི་རུ་ཁག་བཅས་ཁག་གཉིས་སུ་བགོས་ནས་འགྲན་སྡུར་བྱས་པ་ན། ཉིན་གཉིས་ཀྱི་བྲེལ་ཟིང་གི་དུས་ཚོད་ནང་ཉམས་མྱོང་ཕུན་ཚོགས་ཅན་དང་ཐབས་ལམ་གསར་བ་འཛོམས་པའི་འཛིན་བདག་གི་སྣེ་སྟོན་འོག་ཏུ། འཛིན་གྲྭ་སོ་སོས་གྲ་སྒྲིག་གང་ལེགས་བྱས་ཡོད་པ་མ་ཟད། ཐག་པ་འཐེན་སྐབས་སུ་ལུས་གཟུགས་ཡོ་གཟུར་བྱས་ཏེ་ཤེད་ཤུགས་གཅིག་ཏུ་བསྡུ་ཚུལ། རྐང་ལག་གི་སྟོབས་ཕུད་ཐབས་སོགས་འཛིན་གྲྭ་རེ་རེ་ལ་རང་རང་གི་ཁྱད་ཆོས་ཡོད་པས། ངོ་མ་མཚར་སྣང་དང་བྲེལ་སྣང་སྟེར་བ་ཞིག་རེད། ཁོ་ཚོའི་རོལ་རྩེད་ལ་རེ་བའི་འདུན་པ་དྲག་པོ་དེ་རིམ་པར་སྤེལ་བའི་འགྲན་བསྡུར་ཁྲོད་དུ“ཤེད་ཤུགས་ཁོལ”ཞེས་པའི་འབོད་སྒྲ་མཐོན་པོ་རུ་་ཡང་ཡང་དྲངས་པས། རེ་ཞིག་ལ་སློབ་གྲྭའི་ལྒང་རྒྱག་ར་བའི་བར་སྣང་ཡོངས་འུར་སྒྲས་ཁེངས་བར་བྱས།


འཛིན་གྲྭ་སོ་སོའི་འཐུས་ཚབ་མི་སྣས་དཀའ་སྡུག་གི་བརྩོན་པ་ལས་བྱུང་བའི་རྒྱལ་ཁའི་
རྟགས་མ་མཐོན་པོར་བཀྱགས་ནས་རྗེས་དྲན་འདྲ་པར་བཀོད་པ།

           དེ་བས་གཅིག་མཐུན་གྱི་སྟོབས་ཤུགས་འཛོམས་པའི་འགྲན་སྡུར་འདི་ནི་སློབ་གྲོགས་ཚོའི་སློབ་སྦྱོང་གི་འཚོ་བར་སྤྲོ་སྣང་དང་ངལ་དུབ་སེལ་བའི་རྒྱུ་རུ་གྱུར་བར་ཐེ་ཚོམ་བྲལ་བ་ཞིག་རེད། ཐེངས་འདིའི་འགྲན་བསྡུར་ལ་སྐྱེས་པ་རུ་ཁག་ལས་ཨང་དང་པོ་གཅིག་དང་ཨང་གཉིས་པ་གཅིག་སྟེ་བྱ་དགའ་བཅོ་ལྔ་དང་སྐྱེས་མ་རུ་ཁག་ལ་ཡང་ཨང་དང་པོ་གཅིག་དང་ཨང་གཉིས་པ་གཅིག་སྟེ་བྱ་དགའ་བཅོ་ལྔ་སྟེ་ཁྱོན་བསྡོམས་བྱ་དགའ་སུམ་ཅུ་གནངས་བ་རེད། མཛའ་བརྩེ་དང་པོ་དང་འགྲན་སྡུར་གཉིས་པའི་ཛ་དྲག་ཡོ་ལང་རྫོགས་པའི་འགྲན་སྡུར་བྱས་པ་བརྒྱུད། འཛིན་གྲྭ་སོ་སོའི་མཐུན་སྒྲིལ་གོང་བུ་གཅིག་གྱུར་དང་མཉམ་བསྐྱོད་མཉམ་མཆོངས་ཀྱི་འདུན་པ་དྲག་པོར་རམ་སྐྱོར་གང་ལེགས་ཐོབ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།