བོད་ལྗོངས་སློབ་ཆེན་གྱི་སློབ་གྲྭའི་ཕུལ་བྱུང་གཞས་པ་བཅུའི་འགྲན་བསྡུར་བྱ་འགུལ་སྤེལ་པ།
བོད་ལྗོངས་སློབ་ཆེན་གྱི་སློབ་གྲྭའི་ཕུལ་བྱུང་གཞས་པ་བཅུའི་འགྲན་བསྡུར་བྱ་འགུལ་ཡུལ་དངོས།
ཟླ12པའི་ཚེས23ཉིན། བོད་ལྗོངས་སློབ་ཆེན་གྱི་སློབ་ཁུལ་རྙིང་པར་བོད་ལྗོངས་སློབ་ཆེན་གྱི་སློབ་གྲྭའི་ཕུལ་བྱུང་གཞས་པ་བཅུའི་འགྲན་བསྡུར་བྱ་འགུལ་སྤེལ་ཞིང་། འདིར་སློབ་གྲྭའི་འབྲེལ་ཡོད་འགོ་ཁྲིད་དང་སློབ་མ་གང་མང་ཡོད་པ་དང་། སི་ཁྲོན་བརྙན་འཕྲིན་ལས་ཁུངས་ཀྱིས་གཉེར་བའི་བོད་གཞས་འགྲན་ཚོགས་སུ་བྱ་དགའ་ཨང་གཉིས་པ་ཐོབ་མཁན་བསྟན་འཛིན་ཆོས་འཕེལ་ཡང་ཐེངས་འདིའི་བྱེད་སྒོ་ལ་བཞུགས་ཡོད་པ་རེད།
སློབ་མ་ཕུན་ཚོགས་བློ་གྲོས་དངསློབ་མ་བཀྲ་ཤིས་གཡང་གཉིས་ཀྱིས་མདོ་འཛིན་བྱེད་བཞིན་པ།
ལྷན་པར།
མཐར་ཐེངས་འདིའི་འགྲན་བསྡུར་ནང་དཔལ་འབྱོར་དོ་དམ་སློབ་གླིང་གི་སློབ་མ་དོན་གྲུབ་དབང་ཆེན་ལ་བྱ་དགའ་ཨང་དང་པོ་དང་། རིགས་གཞུང་སློབ་གླིང་གི་སློབ་མ་ཚེ་རིང་གཡང་འཛོམས་ལ་བྱ་དགའ་ཨང་གཉིས་པ། བཟོ་ཚོང་སློབ་གླིང་གི་སློབ་བུ་རྒྱ་མཚོ་ལ་བྱ་དགའ་ཨང་གསུམ་པ་བཅས་ཐོབ་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com