མཚོ་ལྷོ་ཁུལ་གྱིས་ནོར་སྲིད་མ་དངུལ་བཏང་ནས་སློབ་གསོའི་ལས་དོན་གྱི་དོ་མཉམ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ།
བྲག་དཀར་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་།
ཉེ་བའི་ལོ་ནང་མཚོ་ལྷོ་ཁུལ་གྱི་རིམ་པ་སོ་སོའི་ནོར་སྲིད་ཀྱིས་སྤྱི་བའི་ནོར་སྲིད་ཀྱི་འགན་སྲུང་ནུས་པ་ལེགས་པོར་འདོན་སྤེལ་དང་རྒྱུ་ཤུགས་གཅིག་སྒྲིལ་བྱས་ནས་སློབ་གསོའི་ལས་དོན་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་རྒྱ་ཆེན་པོ་བྱས་པ་སྟེ། གཙོ་བོ་སྒྲིག་གཞི་སྙོམས་སྒྲིག་དང་། སློབ་སྒྲུབ་ཆ་རྐྱེན་ལེགས་བསྒྱུར། འགན་བབ་སློབ་གསོའི་འགྲོ་གྲོན། དགེ་རྒན་གྱི་ཕོགས་སྣོན་གྲོན་དངུལ། རྒྱབ་ཕྱོགས་ཀྱི་མཁོ་སྒྲུབ་ཞབས་འདེགས་སོགས་ཀྱི་ཐད་ལ་མ་དངུལ་བཏང་ནས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སློབ་གསོའི་ལས་དོན་བདེ་བླག་ངང་འཕེལ་རྒྱས་འབྱུང་བར་སྐུལ་སྤེལ་བྱས།
“ཕལ་ཆེར་གཉིས”ཀྱི་སློབ་གསོའི་མ་དངུལ་ཡོངས་མངོན་འགྱུར་བྱས་ཏེ་ཞིང་ཆེན་དང་། ཁུལ། རྫོང་རིམ་པའི་ནོར་སྲིད་ཀྱིས་མ་དངུལ་དུང་ཕྱུར5.27བསྡུས་ནས་སློབ་གྲྭ29གསར་བསྐྲུན་དང་རྒྱ་བསྐྱེད་པར་མ་ཟད། ལས་ཁུངས་སོ་སོ་སྐུལ་འདེད་དང་ཐབས་ལམ་མང་པོར་བརྒྱུད་ནས་མ་དངུལ་སྒོར་དུང་ཕྱུར1.1བསྡུས་ནས་གསར་དུ་བསྐྲུན་པའི་སློབ་གྲྭའི་ཆུ་དྲོད་གློག་སོགས་འདོན་སྤྲོད་བྱེད་པའི་རྨང་གཞིའི་སྒྲིག་བཀོད་ལེགས་སྒྲིག་བྱས་པ་དང་། སློབ་གྲྭ་གཙོ་ཤས་འགར་བདེ་འཇགས་ལྟ་སྐུལ་དང་ཚོད་འཛིན་མ་ལག་བཙུགས་ནས་སློབ་གྲྭའི་བདེ་སྲུང་མི་སྣ་བཀོད་སྒྲིག་བྱས་པ། དེ་མིན་མ་དངུལ་ས་ཡ5བཏང་ནས་སློབ་ཆུང་དང་སློབ་འབྲིང་གི་སྐད་གཉིས་སློབ་གསོའི་བསླབ་དེབ་རྩོམ་སྒྲིག་བྱས་པ་རེད།
བྲག་དཀར་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གི་ཟ་ཁང་།
འགན་བབ་སློབ་གསོ་རིམ་པའི་འགྲོ་གྲོན་ཚད་གཞི་མཐོར་འདེགས་བྱས་པ་སྟེ། འགན་བབ་རིམ་པའི་འགྲོ་སྦྱོང་སློབ་མར་ཞིང་ཆེན་གྱིས་གཏན་ཁེལ་བྱས་པའི་སློབ་ཆུང་ལ་སྒོར300དང་དམའ་འབྲིང་ལ་སྒོར500ཡི་སྤྱི་སྤྱོད་གྲོན་དངུལ་སྟེང་མི་རེ་ལ་ལོ་རེར་སྒོར50ཁ་གསབ་བྱས་པ་དང་། བཅའ་སྡོད་སློབ་མའི་འཚོ་བའི་འགྲོ་གྲོན་ནོར་སྲིད་དང་ཁྱིམ་བདག་ཕྱོགས་གཉིས་ཀས་འགན་ཁུར་ཏེ་འཚོ་བའི་ཚད་གཞི་སློབ་ཆུང་ལ་སྒོར2200དང་དམའ་འབྲིང་ལ་སྒོར2400རུ་སླེབས་པ་རེད། སློབ་འབྲིང་དཀྱུས་མའི་བཅའ་སྡོད་སློབ་མར་འཚོ་བའི་འགྲོ་གྲོན་སྒོར600དང་ལས་ཐོག་དགེ་རྒན་ལ་སློབ་གྲྭའི་འགྲོ་གྲོན་སྒོར5000བཀོད་སྒྲིག་བྱས་པ་རེད།
མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོ།
བྲག་དཀར་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com