2011ལོའི་ལྷ་སའི་མཐོ་རིམ་སློབ་ཐོན་སློབ་མའི་ཆེད་མངགས་གདན་ཞུའི་ཚོགས་འདུ་ཚོགས་པ།

རྩོམ་པ་པོ།:སྨིན་གྲོལ་སྒྲོལ་མ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-12-28 09:39:00 ཀློག་གྲངས།:

        བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་ཚད་མཐོའི་སྒོ་ནས་མཐོ་རིམ་སློབ་ཐོན་སློབ་མའི་ལས་ཞུགས་བྱ་བར་གཙིགས་སུ་བཟུང་སྟེ་བྱ་བའི་འགོ་ཁྲིད་རྩ་འཛུགས་དབུ་བཪྙེས་ཤིང་།  2011ལོའི་ལྷ་སའི་མཐོ་རིམ་སློབ་ཐོན་སློབ་མའི་ཆེད་མངགས་གདན་གཞུའི་ཚོགས་འདུ་ཚོགས་ལ།  བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་རིན་གཞོན་པ་མ་རུང་ལོན་དང་།  བོད་རང་སྐྱོང་ལྗོངས་ཀྲུའུ་རིན་གཞོན་པ་དབྱངས་ཅན་སོགས་འབྲེལ་ཡོད་འགོ་ཁྲིད་སོགས་ཐེངས་འདིའི་ཚོགས་འདུ་ལ་ཞུགས་པ་རེད། 
        ཚོགས་ཐོག་ཏུ་མ་རུང་ལོན་གྱིས་གཏམ་བཤད་གནང་བ་སྟེ།  བོད་ལྗོངས་ཀྱི་མཐོ་རིམ་མཐར་ཕྱིན་སློབ་མའི་ལས་ཞུགས་བྱ་བ་གནད་དུ་འཛིན་པ་དང་།  ཤེས་ལྡན་མི་སྣ་སྐོར་སྤྱོད་བྱེད་པའི་ཐབས་ཇུས་དེ་ས་ཁུལ་གྱི་དགོས་ངེས་ཆ་རྐྱེན་དང་མཐུན་པར་བྱེད་པ། མཐོ་རིམ་མཐར་ཕྱིན་སློབ་མའི་ལས་ཞུགས་ཐད་ཐབས་ཇུས་འདོན་པ་དང་རྒྱུན་ཆད་མེད་པར་ལས་ཞུགས་ཀྱི་སྤྱིའི་ཚད་རྒྱ་ཆེར་གཏོང་དགོས་པ་སོགས་བརྗོད།
        མ་རུང་ལོན་གྱིས་མུ་མཐུད་དུ་བཤད་རྒྱུར། གཅིག་ནི་སྲིད་ཇུས་ཐབས་ཇུས་ངེས་པར་དུ་དོན་ཐོག་འབབ་དགོས་པ་དང་།  མི་སྣ་བསྡུ་ལེན་བྱེད་པའི་ལས་ཁུངས་དག་གིས་ངེས་པར་དུ་དགེ་མཚན་ལྡན་པའི་སྒོ་ནས་བྱ་དགའི་མང་ཉུང་དང་སྤྱི་ཚོགས་འགན་ལེན་གྱི་གསབ་དངུལ་དག་ལས་ཞུགས་མཐར་ཕྱིན་སློབ་མ་རྣམས་ལ་ཆ་རྒྱུས་ཡག་པོ་བྱེད་དུ་འཇུག་དགོས་པ།  ལས་ཞུགས་དངོས་སྦྱོང་དང་ལས་ལ་མ་ཞུགས་པའི་མཐར་ཕྱིན་སློབ་མ་རྣམས་ལ་དགེ་མཚན་ལྡན་པའི་སྒོ་ནས་སྲིད་ཇུས་ཐད་རོགས་སྐྱོར་བྱེད་པ་དག་ལག་ལེན་དངོས་འབེབ་བྱེད་དགོས།  ཟླ་རེའི་བྱེད་སྒོ་ལ་ཞབས་ཞུ་དང་རྒྱུན་མཐུད་ཀྱི་སྲིད་ཇུས་བརྒྱུད་ནས།  མཐར་ཕྱིན་སློབ་མ་མང་ཆེ་བ་མགྱོགས་མྱུར་ངང་ལས་ཞུགས་དང་གཟབ་སྦྱོང་། དངོས་སྦྱོང་སོགས་བྱས་ཏེ་ལས་ཞུགས་བྱེད་ཐུབ་པ་མངོན་འགྱུར་བྱེད་དགོས།  གཉིས་ནི་ལས་ཞུགས་ཀྱི་ལྟ་བ་དེ་འཕོ་འགྱུར་བྱེད་དགོས་པ་སྟེ།   ད་དུང་སློབ་གྲྭར་ཡོད་པའི་སློབ་མ་རྣམས་ལ་ལས་ཞུགས་ཐད་གྱི་མཛུབ་སྟོན་གནང་བར་ཤུགས་སྣོན་རྒྱག་དགོསཔ་དང་།  རང་ཉིད་ཀྱི་ལས་གནས་དང་རང་ཉིད་ཀྱི་ལས་གནས་གསར་བསྐྲུན། ས་ཁུལ་གཞན་པར་སོང་ནས་ལས་ཞུགས་ཐད་ཁྱབ་བསྒྲགས་ཀྱི་བྱ་བ་བསྒྲུབ་པ།  ལས་ཞུགས་ལས་ཁུངས་ཀྱི་མི་སྣ་བསྡུ་ལེན་གྱི་བསམ་བློ་འགྱུར་བ་དང་བསྟུན་ནས་དགེ་མཚན་ལྡན་པའི་སྒོ་ནས་ཁྱིམ་བདག་དང་སློབ་མ་རང་ཉིད་ཀྱི་ལས་ཀ་འདེམས་ཀ་ཡག་པོ་བྱེད་དགོས།  དེ་དང་བསྟུན་ནས་ཚོངས་རའི་དཔལ་འབྱོར་ཐད་ཀྱི་འགྲན་རྩོད་གསར་པ་དང་ལེན་བྱེད་དགོས་པ་བཅས་སོ།།
          ཐེངས་འདིའི་མི་སྣ་བསྡུ་ལེན་ཁྲོད།  ཐོག་མར་ཀོང་ཏུང་དང་།  ཧྥུ་ཅན་སོགས་ཞིང་ཆེན་ནས་འབྲེལ་ཡོད་ཁེ་ལས་བརྒྱ་དང་བཅུ་ཙམ་གདན་འདྲེན་བྱས་ཡོད་ཅིང་།  བོད་ལྗོངས་ཀྱི་ས་གནས་དང་འཚམ་པའི་ལས་གནས1880ལྷག་འདོན་སྤྲོད་བྱས།   དེའི་མཚུངས་སུ་ཀྲུང་དབྱང་གིས་བོད་ལྗོང་ས་ཁུལ་ལ་ཁེ་ལས་དང་། ལྗོངས་ཡོངས་ཀྱི་རྒྱལ་དམངས་ཁེ་ལས་དང་དམངས་གཉེར་སྡེ་ཁག་ཁེ་ལས119ལྷག་གི་ལས་གནས18831ལྷག་མཐར་ཕྱིན་སློབ་མ་དང་ལས་ཞུགས་མེད་པའི་སློབ་མ། དེ་མིན2012ལོའི་མཐར་ཕྱིན་སློབ་མ་དག་ལ་འདོན་སྤྲོད་བྱས་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།