དགེ་རྒན་ཆེན་མོ་བཀྲ་ཤིས་ཚེ་རིང་གིས“མངའ་རིས་རིག་གནས་རྟོག་དཔྱོད”ཅེས་པའི་འཆད་ཁྲིད་གནང་བ།
དགེ་རྒན་ཆེན་མོ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་འཆད་ཁྲིད་གནང་བཞིན་པ།
ཉེ་ཆར། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་བརྡ་དང་རིག་གནས་སློབ་གླིང་གི་དགེ་རྒན་ཆེན་མོ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་སློབ་གྲྭ་དེར“མངའ་རིས་རིག་གནས་རྟོག་དཔྱོད”ཅེས་པའི་རིག་གཞུང་འཆད་ཁྲིད་གནང་བ་རེད།
དགེ་རྒན་ཆེན་མོ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ཁོང་མངའ་རིས་སུ་སོང་ནས་རྟོག་དཔྱོད་ཞིབ་འཇུག་བྱས་པའི་བརྒྱུད་རིམ་དང་གྲུབ་འབྲས་ནས་གཞི་བྱས་ཏེ་མངའ་རིས་ས་ཁུལ་དང་། ཡུལ་དེའི་གནའ་ཤུལ་གྲགས་ཅན། རིག་གནས་བཅས་ཕྱོགས་གསུམ་ནས་མངའ་རིས་ཀྱི་ལོ་རྒྱུས་འཕེལ་རིམ་ལ་མཚམས་སྦྱོར་དང་རྟོག་དཔྱོད་ཆ་ཚང་བྱས་པར་མ་ཟད། ལོ་རྒྱུས་ཡིག་ཚང་ལ་ཞིབ་བསྡུར་ཕྲ་ཞིང་ཞིབ་པ་ཞིག་བྱས། ཁོང་གི་འཆད་ཁྲིད་ཀྱིས་སློབ་མ་རྣམས་ལ་དཔྱད་གཞི་འདི་དང་འབྲེལ་བའི་ཞིབ་འཇུག་ཁ་ཕྱོགས་གསལ་བོ་ཞིག་བསྟན་པ་དང་མཉམ་དུ། སློབ་མ་རྣམས་ཀྱི་ཞིབ་འཇུག་རིགས་ལམ་རྒྱ་ཆེན་པོར་བསྐྱེད་ཐུབ་པ་བྱུང་།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com