རྒྱལ་སྤྱིའི་བོད་རིག་པའི་མཁས་པ་ཁྲ་ཨར་སི་རན་བྷོ་ཡིས་ནུབ་བྱང་མི་རིགས་སློབ་ཆེན་དུ་རིག་གཞུང་འཆད་ཁྲིད་བྱས།
རྒྱལ་སྤྱིའི་མིང་གྲགས་བོད་རིག་པ་བའམ་རྒྱལ་སྤྱིའི་བོད་རིག་པ་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྔོན་མ་ཁྲ་ཨར་སི་རན་བྷོ།
རྒྱལ་སྤྱིའི་མིང་དུ་གྲགས་པའི་བོད་རིག་པ་བའམ་རྒྱལ་སྤྱིའི་བོད་རིག་པ་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྔོན་མ་ཁྲ་ཨར་སི་རན་བྷོ་ནུབ་བྱང་མི་རིགས་སློབ་ཆེན་དུ་ཕེབས་ཏེ་དུས་ཡུན་ཉིན་གསུམ་གྱི་རིག་གཞུང་འཆད་ཁྲིད་གནང་རྒྱུ་ཡིན་པ་རེད། ཚེས28ཉིན་གྱི་ཕྱི་དྲོ། 《བལ་བོའི་རིག་གནས་ལོ་རྒྱུས་དང་བོད་ཀྱི་རིག་གནས་བར་གྱི་འབྲེལ་བ་ཞིབ་འཇུག》ཅེས་པ་བརྗོད་བྱར་བཟུང་སྟེ་ཐེངས་འདིའི་རིག་གཞུང་འཆད་ཁྲིད་ཀྱི་འགོ་བརྩམས་པ་རེད།
ཁྲ་ཨར་སི་རན་བྷོ་ནི་དབྱིན་ཇིའི་ཉིག་ཅིན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཞིག་ཡིན་ལ། རྒྱལ་སྤྱིའི་མིང་དུ་གྲགས་པའི་བོད་རིག་པའི་ཆེད་མཁས་དང་། རྒྱལ་སྤྱིའི་བོད་རིག་པ་ལྷན་ཚོགས་ཀྱི་སྔོན་མའི་ཀྲུའུ་ཞི་ཡིན་པ་རེད། ཁོས་བོད་ཀྱི་སྐད་ཡིག་དང་གནའ་བོའི་བོད་ཀྱི་རིག་གནས་ཕྱོགས་ཀྱི་དཔྱད་རྩོམ48ལྷག་སྤེལ་མྱོང་བ་དང་། ཆེད་དཔེ5བརྩམས་པ། འབྲེལ་ཡོད་དཔེ་ཆ4ཡི་གཙོ་སྒྲིག་གི་འགན་བཞེས་པ་ཡིན་ལ། ད་ལྟའི་བར་འགན་ཁུར་བའི་ལས་གཞི10ལྷག་མཆིས།
འཆད་ཁྲིད་དེ་ནུབ་བྱང་མི་རིགས་སློབ་ཆེན་གྱི་ཕྱོགས་བསྡུས་ཐོག་ཁང་གི་རིག་གཞུང་སྙན་ཞུ་ཚོམས་ཁང་དུ་སྤེལ་ཞིང་། དེར་བོད་རིག་པའི་སློབ་གླིང་གི་འགོ་གཙོ་རྡོ་རྗེ་རིན་ཆེན་དང་། རྒན་དཔའ་རྩེ། རྒན་ལྷ་མཆོག་རྒྱལ་སོགས་བོད་རིག་པའི་གླིང་དང་གེ་སར་ཞིབ་འཇུག་གླིང་གི་དགེ་རྒན་དང་སློབ་མ་གང་མང་འཛོམས་ཡོད་པ་དང་། དགེ་རྒན་ཆེན་མོ་ཁྲ་ཨར་སི་རན་བྷོ་ལགས་ཀྱིས་ཐོག་མར་རང་ཉིད་ཀྱི་བོད་རིག་པ་ཞིབ་འཇུག་གི་རྒྱུད་རིམ་དང་། ཁོ་རང་བལ་བོ་དང་ཧི་མ་ལ་ཡ་ཉེ་འགྲམ་གྱི་གྲོང་སྡེ་སོགས་སུ་འཚོལ་བསྡུ་བྱས་པའི་བོད་ཀྱི་ལོ་རྒྱུས་དཔྱད་གཞིའི་ཡིག་ཆ་སོགས་མཚམས་སྦྱོར་དང་གསལ་འགྲེལ་མདོར་བསྡུས་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། འདི་ནི་ནུབ་བྱང་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གིས་ཐོག་དང་པོར་རྒྱལ་སྤྱིའི་བོད་རིག་པའི་ཆེད་མཁས་གདན་འདྲེན་ཞུས་པ་ཞིག་ཡིན་པར་བཤད་ཅིང་། རྒན་ཁོང་གིས་ལྷ་སའི་སྐད་ཀྱི་ལམ་ནས་འཆད་ཁྲིད་བྱེད་ཀྱི་ཡོད་པ་དང་། འཆད་ཁྲིད་མཇུག་རྫོགས་རྗེས་ཁོ་བོས་བོད་རིག་པའི་གླིང་གི་དགེ་སློབ་རྣམས་དང་བསམ་བློ་བརྗེ་རེས་བྱས་པ་རེད།
བོད་རིག་པའི་གླིང་གི་སློབ་གྲོགས་བཀྲ་ཤིས་ཀྱིས“དེ་རིང་གི་འཆད་ཁྲིད་ལས་སྔོན་ཐོས་མ་མྱོང་བའི་ཤེས་བྱ་མང་པོ་ཞིག་ཐོབ་བྱུང་ལ། ཉིན་རྗེས་མའི་དག་གི་རྒན་ཁྲ་ཨར་སིའི་འཆད་ཁྲིད་ལ་རེ་སྒུག་ཆེན་པོས་ཁེངས་ཡོད”ཅེས་ཟེར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com