ཧི་མ་ལའི་རིག་མཛོད་ཆེན་མོ་དངོས་སུ་སྒོ་ཕྱེས་པ།
ཁྲིང་ཏུའུ་མཚོ་སྐྱེས་རིག་གནས་དར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་།
ཁྲིང་ཏུའུ་མཚོ་སྐྱེས་རིག་གནས་དར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གི་སྤྱིའི་འགན་འཛིན་པ་མཆོག་
སྤྲུལ་ཚེ་རིང་རྡེ་རྗེ་ལགས་ཀྱིས་ལས་ཁུངས་སྤྱིའི་སྒྲིག་འཛུགས་ལ་ཞིབ་འཇུག་གནང་བཞིན་པ།
ཁམས་ཀྱི་མཆོག་སྤྲུལ་ཚེ་རིང་རྡོ་རྗེ་མཆོག་གིས་མ་དངུལ་འབོར་ཆེན་བཏང་སྟེ་ད་ལྟ་ཁྲིང་ཏུའུ་མཚོ་སྐྱེས་རིག་གནས་དར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གིས་ཧི་མ་ལའི་རིག་མཛོད་ཆེན་མོའི་ལས་ཁུངས2012ལོའི་ཟླ1པོའི་ཚེས1ཉིན་དངོས་སུ་སྒོ་ཕྱེས་འདུག་པར་མ་ཟད་མཆོག་སྤྲུལ་རིན་པོ་ཆེ་ཁོང་གིས་སྔ་གཞུག་ཏུ་གཏམ་བཤད་གནང་བ་རེད།
ཧི་མ་ལའི་རིག་མཛོད་སྤྱིའི་བཀོད་འདོམས་པ་རྨེ་གྲྭ་ཚེ་རིང་བསམ་འགྲུབ་ལགས་ཀྱིས་
ལས་ཀའི་སྒྲོམ་གཞི་འཛུགས་པ་དང་སྤྱིའི་འཆར་འཀོད་གནང་བཞིན་པ།
ཧི་མ་ལའི་རིག་མཛོད་ཆེན་མོའི་སྤྱིའི་འཆར་འགོད་པ་རྨེ་གྲྭ་ཚེ་རིང་
བསམ་འགྲུབ་ལགས་ཀྱིས་ལས་གཞི་འདིང་བཞིན་པ།
ཉིན་དེར་སྤྱིའི་ལྟ་སྐུལ་པ་རྨེ་གྲྭ་ཚེ་རིང་བསམ་འགྲུབ་ལགས་ཀྱིས་ལས་ཁུངས་དེའི་དམིགས་ཡུལ་དང་ལས་གཞིའི་བཀོད་འདོམས་སོགས་ཀྱི་ཐད་གཏམ་བཤད་གལ་ཆེན་གནང་བ་སྟེ།
1 ལས་ཁུངས་འདིས་ད་ནས་བཟུང་བོད་གངས་ཅན་གྱི་ཆོས་དང་རིག་གནས་ཀྱིས་བསྡུས་པའི་གནའ་དེང་གི་རིག་གཞུང་རིན་ཐང་དང་ལྡན་པ་མཐའ་དག་འཚོལ་བསྡུ་དང་སླར་གསོ་བྱས་ཏེ་འཛམ་གླིང་ཡོངས་ལ་དར་སྤེལ་གཏོང་ཆེད། གློག་རྡུལ་ཡི་གེར་ཕབས་ཏེ་རྣམ་པ་དང་ཁྱབ་ཁོངས་རྒྱ་ཆེ་བའི་དྲ་ལམ་གསར་བཟོ་བྱས་པ་བརྒྱུད་དེ་ནང་བསྟན་དང་བོད་ཀྱི་རིག་གནས་ཡོངས་རྫོགས་འཛམ་གླིང་ཧྲིལ་བོས་ཉིན་གཅིག་ལ་དུས་གཅིག་ཏུ་ལྟ་ཀློག་བྱེད་ཐུབ་པར་བཟོ་རྒྱུའི་འཆར་གཞི་ཡོད་པ།
2 ཧི་མ་ལའི་རིག་མཛོད་ཆེན་མོ་ཞེས་པའི་ཡིག་གཟུགས་དང་། དཔེ་རྟགས་ཚད་དང་རྣམ་པ་སོགས་གཅིག་གྱུར་གྱི་ཚད་ལྡན་རང་བཞིན་ཅན། བོད་ཀྱི་རིག་གཞུང་མཐའ་དག་ཆ་ཚང་བའི་དཔེ་ཚོགས་གསར་བ་ཞིག་དཔར་བསྐྲུན་བྱས་ཏེ་ཕྱོགས་ཡོངས་ཀྱི་དགོན་སྡེ་དང་། སློབ་གྲྭ་སོ་སོར་བོད་ཀྱི་རིག་གནས་འདི་རྒྱུད་འཛིན་དང་དར་སྤེལ་རྒྱ་ཆེན་པོ་འོང་ཆེད་དཔེ་ཚོགས་ཧྲིལ་བོ་ལ་རིན་མི་ལེན་པར་གཟིགས་འབུལ་གནང་བ།
3 ད་དུང་བོད་ཁུལ་སོ་སོར་གངས་ཅན་བོད་ཀྱི་རིག་གཞུང་མཐའ་དག་འདུས་བའི་བོད་ཀྱི་དཔེ་མཛོད་ཁང་ཆེན་མོ་རེ་སྒྲུབ་རྒྱུའི་ཆ་རྐྱེན་གཙོ་བོ་རུ་དམིགས་ནས་རྒྱ་ཆེ་བའི་ལས་གཞི་འདིའི་རྨང་བཏིང་བ་ཡིན་པ་སོགས་གསལ་བཤད་གནང་།
ཧི་མ་ལའི་རིག་མཛོད་ཁང་གི་ལས་སྒྲུབ་མི་སྣ་ཁག་ཅིག
ཧི་མ་ལའི་རིག་མཛོད་གཞུང་ལས་ཁང་དུ་རྒྱུན་ལྡན་གྱི་བྱ་བ་གཉེར་བཞིན་པ།
ལས་ཞུགས་ཆེད་མཁས་མི་སྣ་པེ་ཅིང་མི་རིགས་སློབ་ཆེན་དང་། ནུབ་བྱང་མི་རིགས་སློབ་ཆེན། ལྷོ་ནུབ་མི་རིགས་སློབ་ཆེན། ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་སོགས་ནས་ཞིབ་འཇུག་དང་སློབ་ཆེན་མཐར་ཕྱིན་པའི་སློབ་མ30ལྷག་བསྡུས་ཏེ་ལས་ཁུངས་འདིས་དངོས་སུ་ལས་གནས་སྤྲད་པར་མ་ཟད་དེ་དག་གིས་བོད་མི་རིགས་ཀྱི་ཆོས་ལུགས་དང་རིག་གནས་ལ་ཞབས་འདེགས་ཞུ་འགོ་བརྩམས་པ་རེད།
གཟའ་ཉི་མའི་ཉིན་ལས་འཛིན་མི་སྣ་ཡོངས་ཀྱིས་དགའ་སྐྱིད་སྤྲོ་གཞས་ལ་རོལ་བ།
ད་དུང་མི་འགྱང་བར་ས་དགེ་བཀའ་རྙིང་ཇོ་བོན་སོགས་ཀྱི་ཆོས་ལུགས་དང་རིག་གནས་ཆེད་མཁས་པ་ཆེད་དུ་གདན་དྲངས་ཏེ་རིག་གཞུང་དག་བཅོས་སོགས་ཀྱི་ལས་གཞི་རབ་དང་རིམ་པའི་བཀོད་སྒྲིག་ཡོད་ཕྱིན། བོད་ཁུལ་ཕྱོགས་ཡོངས་ཀྱི་ལྷག་བསམ་མངའ་བའི་མཁས་དབང་རྣམ་པས་ལས་གཞི་འདིར་རྒྱབ་སྐྱོར་གནང་བར་སྙིང་ནས་རེ་ཞུ་ཡིན་པ་དང་། ལྷག་པར་དུ་རིག་གཞུང་ཆེ་ཕྲ་གང་ཡིན་གློག་རྡུལ་ཡི་གེར་ཕབས་ཟིན་པའི་ཡིག་ཆའི་རིགས་ཇི་སྙེད་ཡོད་པ་དག་ལས་ཁུངས་འདིར་གནང་བར་སྙིང་ནས་རེ་ཞུ་ཡིན་པ་སོགས་གསལ་བསྒྲགས་གནང་སོང་།
འབྲེལ་ལམ། ལས་ཁུངས་ཀྱི་འགན་ལེན་མི་སྣ།
ཁ་པར། 13980886163 15196666697 028--87422886
གླེང་མོལ། 1095661700
ཡིག་སྒམ། Maizha6688 @ 163.com
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com