བོད་རྒྱ་ཡིག་རིགས་ཀྱི《གསོ་བ་རིག་པའི་རོ་བཀྲའི་དཔེ་རིས་ཀུན་གསལ་མེ་ལོང》ཐོག་མ་འགྲེམ་སྤེལ་བྱས་པ།
《གསོ་བ་རིག་པའི་རོ་བཀྲའི་དཔེ་རིས་ཀུན་གསལ་མེ་ལོང》ཞེས་པའི་མདུན་ཤོག
ཉེ་ཆར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི《གསོ་བ་རིག་པའི་རོ་བཀྲའི་དཔེ་རིས་ཀུན་གསལ་མེ་ལོང》འགྲེམ་སྤེལ་བྱས། དཔེ་དེབ་འདིར་ཤོག་ངོས278ཡོད་ལ། མགོ་མཇུག་བར་གསུམ་དུ་བོད་ཀྱི་གསོ་རིག་བསྟན་བཅོས་ཆེན་མོ《རྒྱུད་བཞི》ཡི་གཞུང་ལུགས་དང་འབྲེལ་ནས་བོད་ལུགས་གསོ་རིག་གིས་རོ་བཀྲའི་རིག་པར་ངོས་འཛིན་བྱེད་སྟངས་གཞིར་བཟུང་སྟེ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་བཀོད་པར་མ་ཟད། དཔེ་རིས་སྤེལ་མས་སྒོ་ནས་མིའི་ལུས་ཀྱི་གྲུབ་ཆ་སོ་སོ་གསལ་བཤད་བྱས་ཡོད་པ་རེད།
《གསོ་བ་རིག་པའི་རོ་བཀྲའི་དཔེ་རིས་ཀུན་གསལ་མེ་ལོང》ཞེས་པ་ནི་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་གསོ་རིག་སློབ་གསོ་ཁང་གི་ཀྲུའུ་རིན་པདྨ་རབ་བརྟན་ལགས་ཀྱིས་ལོ་ངོ་གཉིས་རིང་དུ་སྒྱུར་སྒྲིག་བྱས་པའི་བོད་ལུགས་གསོ་རིག་ཁྱབ་ཁོངས་སུ་ཚབ་མཚོན་རང་བཞིན་དང་། དབང་གྲགས་རང་བཞིན། བཀོལ་སྤྱོད་རང་བཞིན་ལྡན་ཞིང་། རང་རྒྱལ་གྱི་བོད་ལུགས་གསོ་རིག་པ་རྒན་དར་གཞོན་གསུམ་གྱིས་སྤྱོད་ཆེ་བའི་དཔྱད་གཞི་དཔེ་ཆ་ཞིག་ཡིན་ལ། དཔེ་དེབ་འདི་པར་སྐྲུན་བྱས་པས་བོད་ལུགས་གསོ་རིག་རོ་བཀྲའི་དཔེ་རིས་ལ་ཚོན་ལྡན་དཔེ་རིས་མེད་པའི་སྟོངས་ཆ་བསྐངས་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com