ངོས་དང་པོ > སྐབས་དོན། > རིག་གནས་སློབ་གསོ། > བདེ་ཆེན་ཁུལ་གྱིས་དམའ་འབྲིང་གི་ཡོན་ཚད་རྒྱུགས་གཞིའི་བཅོས་སྒྱུར་ལག་བསྟར་བྱེད་པ།
བདེ་ཆེན་ཁུལ་གྱིས་དམའ་འབྲིང་གི་ཡོན་ཚད་རྒྱུགས་གཞིའི་བཅོས་སྒྱུར་ལག་བསྟར་བྱེད་པ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2012-01-06 09:12:00
ཀློག་གྲངས།:
2012ལོ་ནས་བཟུང་བདེ་ཆེན་ཁུལ་གྱིས་དམའ་འབྲིང་གི་ཡོན་ཚད་རྒྱུགས་གཞིའི་བཅོས་སྒྱུར་འཆར་གཞི་ལག་བསྟར་བྱེད་རྒྱུ་ཡིན་ལ། ཡོན་ཚད་རྒྱུགས་གཞི་དང་སྤྱིའི་བྱང་ཚད་ཀྱི་གདེང་འཇོག་གཉིས་སློབ་མའི་སློབ་རིམ་འཕར་བའི་གཞི་འཛིན་ས་གཙོ་བོར་བྱེད་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། བདེ་ཆེན་ཁུལ་གྱི་དམའ་འབྲིང་གི་ཡོན་ཚད་རྒྱུགས་གཞི་དང་མཐོ་འབྲིང(འབྲིང་རིམ་ཆེད་ལས་སློབ་གྲྭ)གི་སློབ་མ་བསྡུ་བའི་ལམ་ལུགས་བཅོས་སྒྱུར་དེ་བྱང་ཚད་སློབ་གསོ་ལག་ཏུ་བསྟར་བར་ཕན་པ་དང་། རྨང་གཞིའི་སློབ་གསོའི་བསླབ་ཚན་བཅོས་སྒྱུར་བདེ་བླག་ངང་སྤེལ་བར་ཕན་པ། རྨང་གཞིའི་སློབ་གསོ་ཆ་སྙོམས་ཀྱིས་འཕེལ་བར་ཕན་པ། མཐོ་འབྲིང(འབྲིང་རིམ་ཆེད་ལས་སློབ་གྲྭ)གི་རིགས་དགར་སློབ་གསོའི་རྩ་དོན་ལ་ཕན་པ་བཅས་གཞིར་བྱས་ཏེ་གདེང་འཇོག་གི་ནང་དོན་སྣ་མང་ཅན་དང་། གདེང་འཇོག་གི་ཐབས་ལམ་སྣ་མང་ཅན། གདེང་འཇོག་གི་ཚད་གཞི་ཚན་རིག་ཅན་གྱི་བྱང་ཚད་སློབ་གསོའི་བླང་བྱ་དང་སློབ་མའི་བྱེ་བྲག་གི་ཡོན་ཏན་སྐྱེད་སྲིང་བྱེད་པར་མཐུན་པའི་གདེང་འཇོག་མ་ལག་གསར་བ་འཛུགས་པ་དང་མཉམ་དུ། སློབ་མའི་ཡོན་ཚད་དང་། སྤྱིའི་བྱང་ཚད། སློབ་མའི་ནུས་པ་སོགས་ཞིབ་བཤེར་དང་རྒྱུས་ལོན་བྱེད་པའི་དམའ་འབྲིང་གི་ཡོན་ཚད་རྒྱུགས་གཞི་དང་མཐོ་འབྲིང(འབྲིང་རིམ་ཆེད་ལས་སློབ་གྲྭ)གི་སློབ་མ་བསྡུ་བའི་ལམ་ལུགས་འཚོལ་ཞིབ་བྱས་ནས། དམའ་འབྲིང་མཐར་ཕྱིན་སློབ་མའི་ཡོན་ཚད་རྒྱུགས་གཞི་དང་། སྤྱིའི་བྱང་ཚད་ཀྱི་གདེང་འཇོག མཐོ་འབྲིང(འབྲིང་རིམ་ཆེད་ལས་སློབ་གྲྭ)གི་སློབ་མ་བསྡུ་བའི་ལམ་ལུགས་བཅོས་སྒྱུར་བཅས་ཕྱོགས་གསུམ་ཐད་ནས་གྲུབ་འབྲས་མངོན་སུམ་ལེན་པར་ཧུར་ཐག་བྱེད་རྒྱུ་ཡིན་ཞིང་། 2012ལོར་བདེ་ཆེན་ཁུལ་གྱིས་དམའ་འབྲིང་གི་ཡོན་ཚད་རྒྱུགས་གཞིའི་བསླབ་བྱ་ལ་རྒྱ་ཡིག་དང་། རྩིས་རིག བོད་ཡིག དབྱིན་ཡིག བསམ་བློ་ཀུན་སྤྱོད། ལོ་རྒྱུས། ས་རྒྱུས། དངོས་ལུགས། རྫས་འགྱུར། སྐྱེ་དངོས། ཆ་འཕྲིན་ལག་རྩལ། རྩལ་སྦྱོང་བཅས་སྣ12ཡོད་པ་རེད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།