ངོས་དང་པོ > སྐབས་དོན། > རིག་གནས་སློབ་གསོ། > བོད་ལྗོངས་ཀྱི་དབྱིན་ཡིག་གི་རིག་གཞུང་ཞིབ་འཇུག་དུས་དེབ་ཐོག་མ་འཛམ་གླིང་ཡོངས་སུ་སྤེལ་གྲབས་བྱེད་པ།
བོད་ལྗོངས་ཀྱི་དབྱིན་ཡིག་གི་རིག་གཞུང་ཞིབ་འཇུག་དུས་དེབ་ཐོག་མ་འཛམ་གླིང་ཡོངས་སུ་སྤེལ་གྲབས་བྱེད་པ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2012-01-11 09:15:00
ཀློག་གྲངས།:
བོད་ལྗོངས་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་གིས་གཙོ་གཉེར་བྱས་པའི《བོད་ལྗོངས་ཞིབ་འཇུག》དབྱིན་ཡིག་པར་གཞི་དེ་ད་ལོར་རྒྱལ་ཁབ་ཕྱི་ནང་དུ་འགྲེམ་སྤེལ་བྱེད་རྩིས་ཡོད་ལ། འདི་ནི་བོད་ལྗོངས་ཀྱི་དབྱིན་ཡིག་པར་གཞིའི་བོད་རིག་པའི་རིག་གཞུང་ཞིབ་འཇུག་གི་དུས་དེབ་ཐོག་མ་ཡིན་པ་རེད།
ཉེ་བའི་ལོ་ནང་རྒྱལ་ཁབ་ཕྱི་ནང་དུ་བོད་ལྗོངས་ལ་ཐུགས་ཁུར་བྱེད་མཁན་ཇེ་མང་ནས་ཇེ་མང་དུ་ཕྱིན་མོད་ཀྱང་། རྒྱལ་ནང་དུ་ཕྱིའི་རྒྱལ་ཁབ་ལ་ཁ་གཏད་ནས་དབྱིན་ཡིག་གི་ལམ་ནས་འགྲེམ་སྤེལ་བྱས་པའི་རིག་གཞུང་རྐྱང་རྐྱང་གི་བོད་རིག་པའི་ཞིབ་འཇུག་དུས་དེབ་ཅིག་ཧ་ཅང་དཀོན་ལ། བྱེ་བྲག་ཏུ་འཛམ་གླིང་ཡོངས་སུ་བོད་ཀྱི་རིག་གནས་ཞིབ་འཇུག་བྱ་ཡུལ་དུ་གྱུར་བའི་བོད་ལྗོངས་ལ་དབྱིན་ཡིག་གི་ལམ་ནས་སྤེལ་བའི་བོད་རིག་པའི་རིག་གཞུང་ཞིབ་འཇུག་དུས་དེབ་ཅིག་མིག་སྔའི་བར་དུ་འགྲེམ་སྤེལ་བྱས་མེད་པ་རེད།
《བོད་ལྗོངས་ཞིབ་འཇུག》འགྲེམ་སྤེལ་བྱ་ཡུལ་གཙོ་བོ་ཀྲུང་གོར་སྡོད་པའི་རྒྱལ་ཁབ་སོ་སོའི་གཞུང་ཚབ་ཁང་དང་། ཕྱི་རྒྱལ་ཁབ་ཀྱི་ཁུང་ཙི་སློབ་གླིང་། ཨ་རིའི་ཝར་ཇི་ཉི་ཡ་སློབ་གྲྭ་ཆེན་མོ་སོགས་ཡིན་པ་རེད།
《བོད་ལྗོངས་ཞིབ་འཇུག》རྒྱ་ཡིག་པར་གཞིའི་དུས་དེབ1981ལོར་སྤེལ་བ་དང་བོད་ཡིག་པར་གཞིའི་དུས་དེབ1982ལོར་སྤེལ་བ་ཡིན། དེའི་ཁྲོད་དུ་དཔལ་འབྱོར་དང་། ལོ་རྒྱུས། ཆོས་ལུགས། རིག་གནས། གེ་སར། གནའ་རྫས་རྟོག་ཞིབ། སྐད་བརྡ། བོད་ཀྱི་གསོ་རིག་སོགས་ལེ་ཚན20འདུས་ཤིང་ཟླ་གཉིས་ནང་ཐེངས་གཅིག་ལ་སྤེལ་བཞིན་ཡོད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།