བོད་རིགས་སློབ་མ་གཉིས་ཡོ་རོབ་ལ་སློབ་སྦྱོང་བྱེད་པར་གོ་སྐབས་ཡོད་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-01-13 11:58:00 ཀློག་གྲངས།:

          རྒྱུས་ལོན་བྱུང་བ་ལྟར་ན།  ཡོ་རོབ་ཀྲུང་དབྱང་སློབ་ཆེན(ceu)གྱི་བོད་ལྗོངས་སློབ་དངུལ་རོགས་འདེགས་འཆར་གཞི་སྙན་ཞུ་དེ2012ལོའི་ཟླ1པོའི་ཚེས25ཉིན་མཇུག་རྫོགས་རྒྱུ་ཡིན་པ་རེད།
          འཆར་གཞི་འདི་ནི་སློབ་དངུལ་མི་དགོས་པར་བོད་རིགས་སློབ་མ་གཉིས་སྤྱི་ཚོགས་ཚན་རིག་དང་ཡང་ན་རང་བྱུང་ཚན་རིག་གི་ཞིབ་འཇུག་སློབ་མ་འདོན་པར་རོགས་རམ་བྱེད་པ་དེ་ཡིན་ལ། འདིའི་ནང་སློབ་དངུལ་ཆ་ཚང་སྤྲོད་མི་དགོས་ཤིང་།  སྡོད་ཁང་མཁོ་སྤྲོད་བྱེད་པ། དེ་མིན་འཚོ་བའི་དངུལ་སྤྲོད་ངེས་པ་རེད། 
          འདིར་སློབ་ཆེན་སྐབས་ཀྱི་སློབ་སྦྱོང་གྲུབ་འབྲས་དང་།  རང་ཉིད་ཀྱིས་སློབ་སྦྱོང་དང་ཞིབ་འཇུག་བྱེད་པའི་ཁ་ཕྱོགས་ཀྱི་ནུས་བ།  བོད་ཁུལ་ལ་ཞབས་ཞུ་སྒྲུབ་འདོད་ཆེ་བ།  དབྱིན་སྐད་ལ་བྱང་ཆ་ལྡན་པ།  སློབ་སྦྱོང་གི་བྱ་བའི་དམིགས་འབེན་གསལ་བོ་ཡོད་པ་བཅས་ཡིན་དང་།  བོད་སྐད་བྱང་ཆུད་པ་ཅན་དང་བོད་རིགས་བུད་མེད་ཡིན་ན་ཐོག་མར་གོ་སྐབས་སྩོལ་ངེས་པ་རེད། 
          ཡོ་རོབ་ཀྲུང་དབྱང་སློབ་ཆེན་དྲ་ཐོག་རེའུ་མིག་སྙན་ཞུ་དང་བོད་ལྗོངས་སློབ་རོགས་དངུལ་སྙན་ཞུ་རེའུ་མིག(  དྲ་གནས་འདིར་སྙན་ཞུ་རེའུ་མིག་འདི་གཉིས་ཕབ་ལེན་བྱེད་ཐུབ)བཀོད་རྗེས་སྙན་ཞུ་བྱས་ཚར་བ་ཡིན་ལ་ཟླ་འདིའི་ཚེས25ཉིན་སྙན་ཞུ་མཇུག་རྫོགས་རྒྱུ་ཡིན་པ་རེད།  སྙན་ཞུ་ཞིབ་བཤེར་ལེགས་འགྲུབ་བྱུང་རྗེས་ད་དུང་ཁ་རྒྱུགས་དང་བོད་ཡིག་ཡིག་རྒྱུགས་སྤྲོད་དགོས། 
          ceuདྲ་གནས་འདིར་ཞིབ་ཏུ་གཟིགས་རོགས་ཞུ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།