བོད་ལྗོངས་ཞིང་འབྲོག་ཁུལ་བུ་བཅོལ་ཁང་གི་སྐད་གཉིས་སློབ་གསོར་སློབ་ཡོན་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱས།
གསར་འགོད་པས་ཉེ་དུས་རང་སྐྱོང་ལྗོངས་འབྲེལ་ཡོད་ཚན་པ་ནས་ཤེས་རྟོགས་བྱས་པར་གཞིགས་ན། བོད་ལྗོངས་ཀྱིས་ད་ལོ་ཞིང་འབྲོག་ཁུལ་གྱི་བུ་བཅོལ་ཁང་གི་སྐད་ཡིག་གཉིས་ཀྱི་སློབ་ཡོན་མི་དགོས་པའི་སློབ་གསོའི་སྲིད་ཇུས་དང་ནོར་སྲིད་ཁ་གསབ་ཀྱི་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་སྐད་ཡིག་གཉིས་ཀྱི་བུ་བཅོལ་ཁང་གསར་བསྐྲུན་བྱས་པ་དང༌། ཞིང་འབྲོག་ཁུལ་གྱི་བུ་བཅོལ་ཁང་གི་བུ་ཕྲུག15000མང་དུ་བཏང་ཡོད་པ་རེད།
བོད་ལྗོངས་ཀྱི་བུ་བཅོལ་ཁང་གི་སྐད་ཡིག་གཉིས་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་དམིགས་ཚད་ནི། སྤྱི་ལོ2015ལོར་སླེབས་སྐབས་གྲོང་ཁྱེར་དང་གྲོང་རྡལ་བུ་བཅོལ་ཁང་གི་ལོ་གསུམ་གྱི་སྐད་ཡིག་གཉིས་ཀྱི་སློབ་གསོ་དང་ཞིང་འབྲོག་ཁུལ་བུ་བཅོལ་ཁང་གི་ལོ་གཉིས་ཀྱི་སྐད་ཡིག་གཉིས་ཀྱི་སློབ་གསོ་གཞི་རྩའི་ཆ་ནས་ཁྱབ་གདལ་གཏོང་རྒྱུ་དང༌། བོད་ལྗོངས་ཀྱི་བུ་བཅོལ་ཁང་གི་བུ་ཕྲུག་གིས་བུ་བཅོལ་ཁང་གི་སློབ་ལོ་ལོན་པའི་བུ་ཕྲུག་སྤྱིའི་བརྒྱ་ཆའི60བཟུང་བ་དང༌། རྫོང་ཚང་མར་དཔེ་སྟོན་བུ་བཅོལ་ཁང་རེ་ཡོད་པ་དང་ཞིང་འབྲོག་ཁུལ་གྱི་ཤང་གྲོང་རྡལ་ཚང་མར་ལྟེ་བའི་བུ་བཅོལ་ཁང་རེ་ཡོད་པ་བྱ་རྒྱུ། གྲོང་ཚོའི་སློབ་ཆུང་དང་སློབ་ཁྲིད་བྱེད་གནས་སུ་བུ་བཅོལ་ཁང་གི་འཛིན་གྲྭ་བཙུགས་ནས་རིམ་བཞིན་ཞིང་འབྲོག་ཁུལ་གྱི་བུ་བཅོལ་ཁང་གི་སློབ་གསོའི་དྲ་བ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དེ་རེད།
ད་ལོ་བོད་ལྗོངས་ཀྱིས་ཤང་གྲོང་བུ་བཅོལ་ཁང122གསར་འཛུགས་བྱས་ནས། བུ་བཅོལ་ཁང་གི་སློབ་གསོའི་ཞིང་འབྲོག་བུ་ཕྲུག་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་ཚང་མ་འཚོ་བའི་ཁ་གསབ་དང་སློབ་རོགས་མ་དངུལ་གྱི་ཁྱབ་ཁོངས་ནང་འཇུག་རྒྱུ་ཡིན་པ་དང༌། ཞིང་འབྲོག་ཁུལ་གྱི་ལོ་དགུའི་འོས་འགན་སློབ་གསོའི་འགན་ལེན་གསུམ་གྱི་སྲིད་ཇུས་ཀྱི་རྗེས་སུ། བོད་ལྗོངས་ཀྱིས་ཞིང་འབྲོག་ཁུལ་གྱི་བུ་བཅོལ་ཁང་གི་ལོ་གཉིས་ཀྱི་བོད་རྒྱ་སྐད་ཡིག་གཉིས་ཀྱི་སློབ་གསོའི་སློབ་ཡོན་མི་དགོས་པའི་སྲིད་ཇུས་ཁྱབ་གདལ་གཏོང་རྒྱུ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com