གེ་སར་ཞིབ་འཇུག་པ་དབང་གྲགས་ཀྱི《གེ་སར་སྒྲུང》སྤྱི་བཤད་པར་སྐྲུན་འགྲེམ་སྤེལ་བྱས།
ཉེ་སྔོན་གེ་སར་ཞིབ་འཇུག་པ་དབང་གྲགས་ཀྱིས་བརྩམས་པའི《གེ་སར་སྒྲུང》སྤྱི་བཤད་པར་བསྐྲུན་འགྲེམ་སྤེལ་བྱས་ཤིང་། དཔེ་དེབ་འདིའི་ནང་དུ་རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་རིགས་ལམ་གསར་བར་བརྟེན་ནས《གེ་སར་སྒྲུང》གི་སྤྱིའི་རྣམ་པ་ཞིབ་རྒྱས་ངང་བརྗོད་ཡོད་པ་རེད། 《གེ་སར་སྒྲུང》གི་སྤྱི་བཤད་ལེའུ་བཅུ་གཅིག་ཏུ་བཀར་ཏེ་སྒྲུང་གི་བྱུང་ཚུལ་དང་། རིན་ཐང་། ཁྱད་ཆོས། དེ་མིན《གེ་སར་སྒྲུང》གི་ཁྲོད་མངོན་བཞིན་པའི་སྒྱུ་རྩལ་གྲུབ་འབྲས་དང་ཆོས་ལུགས་ཀྱི་འབྲེལ་བ་སོགས་ཕྱོགས་སོ་སོ་ནས་གཏིང་ཟབ་དང་ཞིབ་རྒྱས་ངང་ཞིབ་འཇུག་བྱས་ཡོད།
མདོ་དབུས་མཐོ་སྒང་གི་རིག་གནས་བང་མཛོད་ཁྲོད་རིམ་གྱིས་འཚར་ལོངས་བྱུང་བའི་ལོ་རྒྱུས་སྙན་ངག《གེ་སར་སྒྲུང》གི་དོགས་གཞི་དང་དཀའ་གནད་དག་ལ་འགྲེལ་བཤད་བྱས་ཏེ་གེ་སར་སྒྲུང་གི་ལྐོག་གྱུར་རང་བཞིན་ལ་ཞིབ་འཇུག་གཏིང་ཟབ་བྱས་ཡོད། དེར་མ་ཟད《གེ་སར་སྒྲུང》གི་སྐད་བརྡའི་སྒྱུ་རྩལ་དང་། དེའི་ཁྲོད་ཀྱི་ལེགས་བཤད། གཏམ་དཔེ། ཚིག་རྒྱན་སོགས་ལ་རྩད་སྡུར་རྒྱ་ཆེན་པོ་བྱས་ཡོད་ཅིང་། རིག་གནས་ཀྱི་ངོས་མཐའ་ནས་བོད་ཀྱི་ལོ་རྒྱུས་སྙན་ངག་གི་རྩོམ་རིག་སྒྱུ་རྩལ་དང་། རྫོངས་སྟུག་པའི་རིག་གནས་ཀྱི་ཉིང་བཅུད། 《གེ་སར་སྒྲུང》གི་འཕེལ་རིམ་དང་ལོ་རྒྱུས་སྙན་ངག་གཞན་བར་གྱི་འབྲེལ་བ་སོགས་ལ་ཕྲ་ཞིང་ཞིབ་པར་ཞིབ་འཇུག་བྱས་ནས་གེ་སར་ཞིབ་འཇུག་གི་ཁྱབ་ཁོངས་གསར་བ་ཞིག་རྟོལ་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com