མཚོ་སྔོན་གྱི་རང་སྦྱོང་མཐར་ཕྱིན་སློབ་མས་མཐོ་རིམ་སློབ་གྲྭའི་སློབ་མ་དང་འདོད་ཁ་གཅིག་མཚུངས་སུ་སྤྱོད་ཆོག

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-02-11 10:40:00 ཀློག་གྲངས།:

          ཉེ་ལམ།   མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་མཐོ་རིམ་སློབ་གསོའི་རང་སྦྱོང་རྒྱུགས་ལེན་སྣེ་ཁྲིད་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སློབ་གསོ་ཐིན་གྱི《འབྲེལ་ཡོད་མཐོ་རིམ་སློབ་གསོའི་རང་སྦྱོང་རྒྱུགས་ལེན་བྱ་བར་ཤུགས་སྣོན་པའི་བསམ་འཆར》ཞེས་པ་བརྒྱུད་སྤྲོད་བྱས་ཤིང་།  མཐོ་རིམ་སློབ་གསོ་རང་སྦྱོང་རྒྱུགས་ལེན་མཐར་ཕྱིན་སློབ་མས་མཐར་ཕྱིན་འཛིན་ཡིག་དང་།  ལས་ཞུགས།  ཟླ་ཕོག  ཤེས་ཡོན་པའི་ཆ་འཕྲིན་སོགས་ཀྱི་ཐད་ནས་སློབ་གཉེར་བརྒྱུད་རིམ་གཅིག་མཚུངས་ཡིན་པའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་འདྲ་མཉམ་སྒོས་སྤྱོད་ཆོག་པ་བསྟན། 
          འདིའི་ནང་བསྟན་དོན།   མཐོ་རིམ་སློབ་གསོ་རང་སྦྱོང་རྒྱུགས་ལེན་མཐར་ཕྱིན་སློབ་མ་མཐར་ཕྱིན་རྗེས་མགྱོགས་མྱུར་ངང་རིམ་པ་སོ་སོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་ཏུ་འབྲེལ་ཡོད་ཆ་འཕྲིན་ཡར་སྤྲོད་བྱས་ཏེ་རྒྱལ་ཁབ་གཅིག་གྱུར་གྱི《ལས་ཞུགས་ལས་བོར་ཐོ་འགོད་དཔང་ཡིག》བླངས་ཚེ་ལས་ལུགས་ལས་བོར་གྱི་འབྲེལ་ཡོད་སྲིད་ཇུས་དང་ཞབས་ཞུ་ཐོབ་ངེས། 
          དེ་མིན་རིམ་པ་སོ་སོའི་ཏང་སྲིད་ལས་ཁུངས་དང་ཁེ་ལས་སོགས་ལས་ཁུངས་ཀྱིས་ལས་བྱེད་མི་སྣ་བསྡུ་ལེན་བྱེད་པའི་གོ་རིམ་ཁྲོད།  རང་སྦྱོང་རྒྱུགས་ལེན་མཐར་ཕྱིན་སློབ་མ་དང་རྒྱལ་དམངས་སློབ་གསོ་སློབ་གཉེར་བརྒྱུད་རིམ་གཅིག་པའི་མཐར་ཕྱིན་སློབ་མ་དང་འདྲ་མཉམ་སྒོས་འགྲན་རྩོད་བྱེད་དུ་འཇུག་དགོས་པ་དང་།  ཡིག་རྒྱུགས་དང་ཁ་རྒྱུགས་འཕྲོད་པའི་ཚད་ལྡན་སློབ་མར་རྒྱུན་ལྡན་ལྟར་འབྲེལ་ཡོད་གོ་རིམ་བརྒྱུད་རྒྱུ་ལས་རང་སྦྱོང་རྒྱུགས་ལེན་སློབ་མར་འདྲ་མཉམ་མིན་པ་དང་དགོས་མེད་ཀྱི་ཁ་གསབ་ཆ་རྐྱེན་གང་ཡང་འདོན་མི་རུང་ཞེས་བསྟན་པ་རེད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།