གངས་འདབས་ཀྱི་རིག་གནས་ཕོ་བྲང་སྟེ་མགོ་ལོག་ཁུལ་དཔེ་མཛོད་ཁང་།
ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་དཔེ་མཛོད་ཁང་ལ་ཆེད་དུ་བཅར་འདྲིར་ཕྱིན་ཞིང་། རྒྱུས་ལོན་པ་ལྟར་ན་མགོ་ལོག་ཁུལ་ནི་ཟི་ལིང་དང་བར་ཐག་སྤྱི་ལེ440ལྷག་ཡོད་པ་དང་དཔལ་འབྱོར་འཕེལ་རྒྱས་ཅུང་རྗེས་ལུས་སུ་སྣང་། མགོ་ལོག་དཔེ་མཛོད་ཁང་ནི་ཆེན་པོར་མི་དགོངས་ཤིང་སྤུས་ལེགས་ལ་དམིགས་པའི་རྩ་དོན་ལྟར་ས་གནས་ཀྱི་རིག་གནས་ཐོན་ཁུངས་གཞི་རྩ་བྱས་ཏེ་མི་རིགས་རིག་གནས་རྒྱུན་འཛིན་དང་། སྤྱི་ཚོགས་འཆམ་མཐུན་དང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ་ཡིན།
དཔལ་འབྱོར་རྗེས་ལུས་ས་ཁུལ་གྱི་ཁུལ་དང་རྫོང་དཔེ་མཛོད་ཁང་རྣམས་ས་གནས་རིག་གནས་ལས་རིགས་འཕེལ་རྒྱས་དང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ཐད་བྱས་རྗེས་ག་འདྲ་བཞག་སྟེ་རང་སྟོབས་ཀྱི་རིན་ཐང་མངོན་དགོས་ཤེས་ན། རྨ་ཆུའི་འབྱུང་ཡུལ་དུ་ཆགས་པའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་དཔེ་མཛོད་ཁང་འདིའི་སྔོན་ཐོན་གྱི་དཔེ་ཁང་དོ་དམ་དང་། འབུར་ཐོན་གྱི་ཁྱད་ཆོས། མི་གཤིས་ཅན་གྱི་ཞབས་ཞུ་བཅས་ལས་ངོས་འཛིན་གསལ་བོ་ཞིག་འཆར་ངེས།
ཕུན་སུམ་ཚོགས་པའི་མགོ་ལོག་གེ་སར་རིག་གནས་ཐོན་ཁུངས་ལས་གནས་དེ་ལ་གེ་སར་གྱི་ཕ་ས་ཞེས་མཚན་སྙན་རྒྱས་ཡོད། ཉེ་བའི་ལོ་འགའི་རིང་ལ། མགོ་ལོག་ཁུལ་གྱིས་འདི་ལྟ་བུའི་ཁྱད་འཕགས་གནས་བབས་ལ་བརྟེན་ནས་གེ་སར་ལོ་རྒྱུས་སྙན་ངག་འདུས་པའི་མགོ་ལོག་ལོ་རྒྱུས་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་གནང་ཞིང་། ཁོ་ཚོས་པེ་ཅིན་དང་ནུབ་བྱང་མི་རིགས་སློབ་ཆེན་སོགས་ནས་ཆེད་ལས་མཁས་པ་དང་ཤེས་ཡོན་པ་སོགས་གདན་དྲངས་ཏེ་གེ་སར་སོགས་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་བཀོད་སྤྱོད་བྱ་བར་འབད་པས་ཞུགས་ལ། གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་པའི་སྲུང་སྐྱོང་མ་ལག་འཐུས་སྒོ་ཇེ་ཚང་དུ་བཏང་བ་དང་། ཁོང་རྣམ་པ་ཚོས་མ་དངུལ་སྒོར་ཁྲི16བཏང་སྟེ་རྒྱལ་ཡོངས་ཐོག་དང་པོའི་གེ་སར་སྒྱུ་རྩལ་པའི་གཞིས་ཁྱིམ་ཞེས་པ་བཙུགས་ཏེ《གེ་སར》འཚོལ་བསྡུ་དང་སྒྱུ་རྩལ་པའི་འབྲེལ་འདྲིས་ལ་སྟེགས་བུ་ཞིག་བསྐྲུན་ཞིང་། རྒྱལ་ཡོངས《གེ་སར》བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་འགོ་གཙོའམ་འབུམ་རམས་པ་ནོར་བུ་དབང་ལྡན་གྱིས་འདིའི་ཐད་ལ་གདེང་འཇོག་ཆེན་པོ་གནང་བ་སྟེ་རྒྱལ་ནང་གེ་སར་ཁྱབ་སྤེལ་ས་ཁུལ་གཞན་དག་ཏུའང་གཞིས་ཁྱིམ་འདི་མ་དཔེ་རུ་བཟུང་ནས་འཛུགས་སྐྲུན་བྱེད་འོས་ཞེས་གསུངས།
མགོ་ལོག་ཁུལ་དཔེ་མཛོད་ཁང་གིས་ད་དུང་རྒྱལ་ཡོངས《གེ་སར》བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་རྒྱབ་སྐྱོར་འོག་གེ་སར་གྲངས་མཛོད་མགོ་ལོག་མཛོད་ལག་གི་དུས་སྔོན་བྱ་བ་དང་མགོ་ལོག་ཁུལ་གྱི་གེ་སར་སྒྱུ་རྩལ་པ་སྔོག་བཤེར་དང་ཐོ་འགོད། ཡིག་ཚང་སྐྲུན་པ། མིང་འདོགས་པ་སོགས་ཀྱི་བྱ་ལས་གནང་ཞིང་། རྒྱལ་སྤྱིའི་སྔོན་ཐོན་གྱི་བྱ་བའི་རྣམ་པ་མིག་དཔེ་རུ་བཟུང་སྟེ་གྲངས་འཛིན་ཅན་གྱི་ཡིག་ཚང་འཛུགས་སྐྲུན་སྒོས་ས་གནས་རིག་གནས་སྐྱེ་ཁམས་མ་ལག་ཁྲོད་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོང་བྱ་ཐབས་སྤེལ། 2011ལོའི་ཟླ7པར་རྒྱལ་ཡོངས་གེ་སར་ཆེད་མཁས་པ་རྣམས་མགོ་ལོག་རྨ་ཆེན་རྫོང་དང་། དགའ་བདེ་རྫོང་། དར་ལག་རྫོང་། རྨ་སྟོད་རྫོང་། པདྨ་རྫོང་སོགས་སུ་བསྐྱོད་དེ་གེ་སར་སྒྱུ་རྩལ་པ་གསར་བ11འཚོལ་རྙེད་བྱུང་བ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com