བོད་ལྗོངས་ཀྱི་སློབ་གསོའི་གྲོང་ཐོག་མའི་ལས་གཞི་འགོ་བརྩམས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-02-17 09:47:00 ཀློག་གྲངས།:


ལྷ་སའི་སློབ་གསོའི་གྲོང་གི་ལས་གཞི་འགོ་རྩོམ་པའི་མཛད་སྒོ་བསྡུ་བ།

  ཟླ2པའི་ཚེས15ཉིན། ལྷ་སའི་སློབ་གསོའི་གྲོང་གི་ལས་གཞི་འགོ་རྩོམ་མཛད་སྒོ་གཟབ་རྒྱས་ངང་བསྡུས་ཤིང་། བོད་ལྗོངས་ཀྱི་འབྲེལ་ཡོད་འགོ་ཁྲིད་རྣམས་མཛད་སྒོའི་སྟེང་ཞུགས་པ་རེད།
  ལྷ་ས་གྲོང་ཁྱེར་གྱི་སྲིད་དཔོན་རྡོ་རྗེ་ཚེ་སྒྲུབ་ཀྱིས་མཛད་སྒོའི་སྟེང་གསུང་བཤད་གནང་བ་སྟེ། ལྷ་སའི་སློབ་གསོའི་གྲོང་གི་ལས་གཞི་འགོ་བརྩམས་པ་ནི་ལྷ་ས་གྲོང་ཁྱེར་གྱི་སློབ་གསོའི་རིམ་པ་མཐོར་འདེགས་བྱེད་པའི་ཐབས་ཇུས་གཙོ་བོ་ཞིག་ཡིན་པར་མ་ཟད། ལྷ་ས་གྲོང་ཁྱེར་གྱི་སྲིད་གཞུང་གིས་མགྱོགས་མྱུར་སྒོས་སློབ་གསོའི་བཅོས་སྒྱུར་གོང་སྤེལ་གཏོང་བ་དང་དམངས་འཚོ་ལེགས་སྒྱུར་གྱི་བྱེད་ཐབས་ནུས་ལྡན་ཞིག་ཡིན་ཞེས་བརྗོད་པ་རེད།
  རྒྱུས་ལོན་བྱུང་བ་ལྟར་ན་ལྷ་སའི་སློབ་གསོའི་གྲོང་གི་ལས་གཞི་ཁྲོད་དུ་ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་དང་། ལྷ་ས་གྲོང་ཁྱེར་དགེ་རྒན་གསབ་སྦྱོང་ལྟེ་གནས། གཞོན་ནུ་དང་ལོ་ཆུང་བའི་སློབ་ཕྱིའི་ལག་ལེན་གཞི་རྟེན། དགེ་བའི་བཤེས་གཉེན་གླིང་། ནག་ཆུར་ཡོད་པའི་ལྷ་སའི་མཐོ་འབྲིང་གཉིས་པ། མངའ་རིས་སུ་ཡོད་པའི་ལྷ་སའི་མཐོ་འབྲིང་བཅས་ལས་གཞི7འདུས་པ་རེད། གཙོ་བོ་སློབ་གསོ་ཚན་རིག་ཞིབ་འཇུག་དང་སློབ་གསོ་ཚན་རིག་དང་མཐུན་པར་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་བྱེད་པ་དཀྱིལ་སྙིང་དུ་བཟུང་ནས་ལོ་ངོ་གསུམ་གྱི་ནང་དུ་ཐོག་མའི་རྣམ་པ་གྲུབ་ཏུ་འཇུག་པ་ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།