བདེ་ཆེན་ཁུལ་གྱིས་གྲངས་ཉུང་མི་རིགས་ཆེད་ལས་ལག་རྩལ་པ་གསོ་སྐྱོང་ཐད་མཐོང་ཆེན་བྱས་པ།
ཉེ་བའི་ལོ་འགའི་ནང་། ཡུན་ནན་བདེ་ཆེན་ཁུལ་གྱིས་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་མི་སྣ་གསོ་སྐྱོང་དང་བཀོལ་སྤྱོད་བྱེད་རྒྱུ་ནི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་ལས་འགན་གལ་ཆེན་དུ་རྩིས་ཤིང་། གང་ནུས་ཅི་ཐུབ་ཀྱིས་ཆུ་ཚད་བཟང་བའི་སྤུས་ལེགས་ཆེད་ལས་ལག་རྩལ་མི་སྣའི་དཔུང་སྡེ་གསོ་སྐྱོང་གནང་།
སྔར་ལས་ལྷག་པའི་སྒོ་ནས་གཞོན་དར་ཆེད་ལས་ལག་རྩལ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་མཐོང་ཆེན་དང་། གཞོན་དར་ལས་རིགས་རྐང་འཛིན་པ་དང་རིག་ཚན་གྱི་སྣེ་ཁྲིད་མཁན་གཟེངས་སུ་ཐོན་པར་ཡར་སྐུལ་བྱེད་ཆེད། རྒྱལ་ཁབ་ཀྱིས་འབྲེལ་ཡོད་ཆེད་ལས་ལག་རྩལ་དཔུལ་སྡེ་འཛུགས་སྐྲུན་དང་གཞོན་དར་ཆེད་ལས་ལག་རྩལ་གྱི་ཤེས་ལྡན་པ་མགྱོགས་མྱུར་འཕེལ་རྒྱས་ཀྱི་དགོངས་ཚུལ་ལྟར། ཡུན་ནན་ཞིང་ཆེན་གྱིས་ཕུལ་བྱུང་གཞོན་དར་མཐོ་གྲས་ཆེད་ལས་ལག་རྩལ་མི་སྣའི་ཐོབ་ཐང་དཔྱད་འཇོག་ཨུ་ཡོན་ལྷན་ཚོགས་བཙུགས་ཤིང་། ལོ་རེར་ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་གཞོན་དར་ཤེས་ལྡན་མི་སྣར་ཆེད་དོན་དཔྱིད་ཞིབ་བྱས་པ་རེད།
བསྡོམས་རྩིས་བྱས་པ་ལྟར་ན། ད་ལྟའི་བར་ཁུལ་ཡོངས་མི་སྣ7ལ་ཆེད་ལས་ལག་རྩལ་མཐོ་གྲས་མིང་བརྟགས་གཞོན་པའི་ཐོབ་ཐང་བསྩལ་བ་དང་། མི་སྣ1ལ་མཐོ་གྲས་མིང་བརྟགས་ཀྱི་ཐོབ་ཐང་བསྩལ་ཞིང་། ཁུལ་ཡོངས་ཀྱི་མཐོ་རིམ་ཆེད་ལས་ལག་རྩལ་ཤེས་ལྡན་པའི་དཔུང་སྡེ་ལ་གསོན་ཤུགས་གསར་བ་བསྐྱེད་པ་མ་ཟད་ཆེད་ལས་ལག་རྩལ་ཤེས་ལྡན་པའི་དཔུང་སྡེ་འཛུགས་སྐྲུན་ཐད་ཡར་སྐུལ་ཆེན་པོ་གནང་།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com