གླིང་སྲས་བོད་ཡིག་དྲ་ཚིགས་དངོས་སུ་དྲ་ལམ་དུ་སྤེལ་པ།
གླིང་སྲས་བོད་ཡིག་དྲ་ཚིགས།
དེ་རིང་ནས་བཟུང་གླིང་སྲས་བོད་ཡིག་དྲ་ཚིགས་དངོས་སུ་དྲ་ལམ་དུ་སྤེལ་བ་ཡིན་ཞིང་། དྲ་ཚིགས་འདི་ནི་ཁམས་ཕྱོགས་ཀྱི་སྒེར་གཉེར་དྲ་ཚིགས་སྔ་ཤོས་སུ་ཆགས་ཡོད། རྐང་པ་ཡ་གཅིག་གི་སྣེ་མོ་ད་དུང་སློབ་གླིང་ལ་ཐོགས་པའི་གླིང་སྲས་རང་ཉིད་ལ་མཚོན་ན། དྲ་ཚིགས་ཆུང་ཆུང་འདི་ཡི་མགོ་སྐེ་ལ་ཁེན་ནས་ཆོལ་ཁ་གསུམ་གྱི་ལྗོངས་སུ་བློ་འབྱེད་ཀྱི་ནུས་པ་ཞིག་འབྱུང་ཞེས་སྨྲ་བ་ནི་ཧ་ཅང་ང་རྒྱལ་གྱི་གཏམ་དུ་ཟད་མོད། འོན་ཀྱང་། སྔོན་ཆད་ཀྱི་ཁ་མིག་ནང་སྐོར་གྱི་ལམ་ཁ་ནས་འཛམ་གླིང་རྒྱང་ལྟ་བྱེད་པའི་ཕྱོགས་ལ་གོམ་པ་ཞིག་སྤོ་རྒྱུ་ཡིན་པས། རེ་བ་ཅན་གྱི་ན་གཞོན་རྩོམ་པ་པོ་དག་གིས་ཤེས་རབ་ཀྱི་མིག་ཟུང་ཤུགས་ཀྱིས་བགྲད་དེ། འཛམ་གླིང་ཤར་ནུབ་ཀྱི་གནས་ཚུལ་དང་འགྱུར་ལྡོག་དག་དབྱངས་གསལ་སོ་བཞིའི་ལམ་ནས་བརྗོད་ཅིག་དང་། མ་འོངས་འབྱུང་འགྱུར་གྱི་སྒོ་ཆེན་མཛེས་ཤིང་ཡངས་པས། དུས་རབས་གསར་པ་འདིའི་ནང་དུ་རང་ཅག་གི་གོམ་སྒྲ་ནི་སྔར་ལས་ཆེ་ཞིང་ལྗིད་ངེས་སོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com