མཚོ་སྔོན་གྱི་ཆེད་སྒྲིག་དུས་དེབ《གེ་སར་ཞིབ་འཇུག》སྤེལ་བར་བསྟོད་པའི་མེ་ཏོག་གཏོར་བ།
ཉེ་སྔོན་མཚོ་སྔོན་གྱི《གེ་སར》ལོ་རྒྱུས་སྙན་རྩོམ་ཞིབ་འཇུག་ཁང་གི་སྤེལ་བའི་ཆེད་སྒྲིག་དུས་དེབ་སྟེ2011ལོའི་འདོན་ཐེངས2པའི《གེ་སར་ཞིབ་འཇུག》པར་བསྐྲུན་འགྲེམ་སྤེལ་བྱས་པ་རེད།
《གེ་སར་ཞིབ་འཇུག》དུས་དེབ་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཀློག་པ་པོ་རྣམས་ལ་བོད་རྒྱ་ཡིག་རིགས་གཉིས་དང་མཛེས་རིས་སྤེལ་མའི་སྒོ་ནས《གེ་སར》གྱི་འབྱམས་ཀླས་པའི་བརྗོད་སྙིང་མཚམས་སྦྱོར་བྱས་ཏེ་མདོ་དབུས་མཐོ་སྒང་གི་ཁྱད་དུ་འཕགས་པའི་རིག་གནས་ཁྱད་ཆོས་མངོན་པར་མཚོན་པ་རེད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྲིད་གཞུང་གི་རྒྱབ་སྐྱོར་འོག་མཚོ་སྔོན་གྱི《གེ་སར》ལོ་རྒྱུས་སྙན་རྩོམ་ཞིབ་འཇུག་ཁང་གིས་དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་བར་ནང་ཁུལ་གྱི་དུས་དེབ《གེ་སར་ཞིབ་འཇུག》གསར་དུ་སྤེལ་བ་དང་། འདི་ནི་རྒྱལ་ནང་དུ་གེ་སར་ཞིབ་འཇུག་གི་འབྲས་བུ་མངོན་མཚོན་བྱེད་པའི་དུས་དེབ་ཀྱི་སྟེགས་བུ་ཁོ་ན་ཡིན་ཞིང་། དེ་ལ་ཆེད་མཁས་པ་དང་། རིག་གནས་པ། ཀློག་པ་པོ་རྣམས་ཀྱིས་བསྟོད་པའི་མེ་ཏོག་གཏོར་བཞིན་ཡོད་པ་རེད།
བགྲང་བྱ་དུ་མའི་རིང་གི་འཕེལ་རྒྱས་དང་བསྟུན་ནས《གེ་སར་ཞིབ་འཇུག》དུས་དེབ་ལོ་རེར་ཐེངས་གཅིག་སྤེལ་བ་དེས་ཞིབ་འཇུག་དང་ཁྱབ་བརྡལ་དུ་གཏོང་བའི་མཁོ་འདོད་ཚིམས་པར་བྱེད་དཀའ་བར་མ་ཟད། རྒྱལ་ཁབ་ཕྱི་ནང་དུ《གེ་སར》ཞིབ་འཇུག་གི་གནས་བབ་དང་གྲུབ་འབྲས་མཐའ་དག་མངོན་པར་བྱེད་དཀའ་གཤིས། 2010ལོ་ནས་བཟུང་ལོ་རེར་ཐེངས་གཉིས་ལ་སྤེལ་པ་རེད། དུས་དེབ་འདིས《གེ་སར》ལོ་རྒྱུས་སྙན་རྩོམ་སྔོག་འདོན་དང་། བསྡུ་ཉར། མྱུར་སྐྱོབ། ལོ་ཙཱ། ལེགས་སྒྲིག པར་སྐྲུན། ཞིབ་འཇུག དེ་མིན་གེ་སར་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པ་དང《གེ་སར》ཞིབ་འཇུག་སོགས་ཀྱི་ཐད་ལ་ནུས་པ་གལ་ཆེན་འདོན་བཞིན་ཡོད་པ་རེད།
ཐེངས་འདིའི་འདོན་ཐེངས་ཁྲོད་བོད་རིག་པའི་ཆེད་མཁས་པ་རྟ་མགྲིན་དབང་འབུམ་ལགས་དང་། 《གེ་སར》ཞིབ་འཇུག་ཆེད་མཁས་པ་འཇམ་དཔལ་རྒྱ་མཚོ་ལགས། གཅོད་པ་དོན་གྲུབ་ལགས་སོགས་ཀྱི་བོད་རྒྱ་ཡིག་རིགས་གཉིས་ཀྱི་རིག་གཞུང་དཔྱད་རྩོམ20ལྷག་དང་གེ་སར་གྱི་འབྲེལ་ཡོད་གནས་ཚུལ་བཀོད་ཡོད། 《གེ་སར》ལོ་རྒྱུས་སྙན་རྩོམ་ཁྲོད་ཀྱི་མི་སྣ་དང་། གནས་ཤུལ། སྒྲུང་བ། ཆོས་ལུགས་རིག་གནས། བྲོ་གར་རིག་གནས། དེ་མིན་དེའི་ཁྲོད་ཀྱི་དོགས་གཞི་སོགས་ལ་ངོས་མཐའ་དང་རིགས་ལམ་མི་འདྲ་བའི་སྒོ་ནས་ཞིབ་འཇུག་དཔྱིས་ཕྱིན་པ་བྱས་ཡོད་པས《གེ་སར》ཞིབ་འཇུག་ཁྱབ་ཁོངས་སུ་གདེང་འཇོག་མཐོན་པོ་ཐོབ་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com