བོད་ལྗོངས་སློབ་ཆེན་བོད་ཡིག་མཉེན་ཆས་དཔྱད་སྤེལ་ལས་གཞིའི་གྲུབ་འབྲས་ལ་རྒྱལ་ཁབ་གྱི་ཚན་རྩལ་བྱ་དགའ་ཐོབ་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-03-14 08:42:00 ཀློག་གྲངས།:

   ཉེ་སྔོན་རྒྱལ་ཁབ་ཚན་རིག་ལག་རྩལ་གྱི་བྱ་དགའ་གནང་བའི་ཚོགས་འདུ་མི་དམངས་ཚོགས་ཁང་ཆེན་མོ་ནས་བསྡུས་ཤིང་། བོད་ལྗོངས་སློབ་གྲྭ་ཆེན་མོའི་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་དངོས་གྲུབ་ལགས་ཀྱིས་འགན་འཛིན་གནང་བའི“བོད་ཡིག་མཉེན་ཆས་དཔྱད་སྤེལ་དང་བེད་སྤྱོད་གཏོང་བའི”ལས་གཞིའི་གྲུབ་འབྲས་ལ2011ལོའི་རྒྱལ་ཁབ་ཚན་རྩལ་གོང་སྤེལ་གྱི་ཨང་གཉིས་པ་ཐོབ་པ་རེད། ཐེངས་འདིའི་ལས་གཞིའི་གྲུབ་འབྲས་ནི་བོད་ལྗོངས་སློབ་གྲྭ་ཆེན་མོའི་འགན་འཛིན་གནང་ནས་ལེགས་འགྲུབ་བྱུང་བ་ཡིན་ཞིང་། སློབ་གྲྭ་དེ་ལ་ཐེངས་དང་པོར་རྒྱལ་ཁབ་རིམ་པའི་ཚན་རྩལ་བྱ་དགའ་ཐོབ་པ་ཡིན་པར་མ་ཟད། བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་ཁྱབ་ཁོངས་སུ་འདི་འདྲའི་བྱ་དགའ་ཐོབ་པའི་མཐོ་རིམ་སློབ་གྲྭ་ཁོ་ན་ཡིན་པ་རེད།
  རྒྱུས་ལོན་བྱུང་བ་ལྟར་ན་བོད་ལྗོངས་སློབ་ཆེན་ལ“མཐོ་སྒང་གི་ཁོར་ཡུག་དང་དབྱང་དབུགས་དམའ་བར་འཕྲོད་པའི”973ལས་གཞི་ཆེན་མོ་དང“བོད་རིགས་ཀྱི་མཐོ་སྒང་ལ་འཕྲོད་པའི་རྒྱུད་འཛིན་དང་འབྲེལ་བའི་ཞིབ་འཇུག”གི973དུས་སྔོན་སྔོན་སྔོན་དཔྱད་ལས་གཞིའི་གསར་འཛུགས་རོགས་སྐྱོར་ཐོབ། “མདོ་དབུས་མཐོ་སྒང་གི་ཁོར་ཡུག་བྱེ་བྲག་པའི་ཁྲོད་རྒྱུད་རྒྱུའི་འགྱུར་ལྡོག་དང་འཕྲོད་མཐུན་རང་བཞིན་གྱི་འཕེལ་འགྱུར་ནང་རྐྱེན་ཞིབ་འཇུག”ལ་རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཨུའི“འཕེལ་འགྱུར་ཕྲ་མོའི་ཞིབ་འཇུག་འཆར་གཞི”གསར་འཛུགས་རོགས་སྐྱོར་ཐོབ་ལ། དེ་ནི་བོད་ལྗོངས་སུ་ཐེངས་དང་པོར་རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་ཐེབས་རྩ་ཨུའི་ཞིབ་འཇུག་འཆར་གཞིའི་ལས་གཞི་ཐོབ་པ་ཡིན། ལས་གཞི་འདི་དག་གིས་འབྲེལ་ཡོད་ཀྱི་རིག་ཚན་འཛུགས་སྐྲུན་དང་ཤེས་ལྡན་པ་སྐྱེད་སྲིང་བྱེད་པར་རྒྱབ་རྟེན་བརྟན་པོ་ཞིག་གྲུབ་པའི་ཁར། བོད་ལྗོངས་སློབ་ཆེན་གྱིས“ཁྱད་ཆོས་འབུར་ཐོན་དང་། ནུབ་རྒྱུད་སྔོན་ཐོན། རྒྱལ་སྤྱིའི་སྙན་གྲགས་ཆེ་བའི་ཕྱོགས་བསྡུས་རང་བཞིན་གྱི་སློབ་གྲྭ་ཆེན་མོ”ཞིག་འཛུགས་སྐྲུན་བྱ་བའི་དམིགས་འབེན་དང་བར་ཐག་ཇེ་ཉེར་སོང་བ་མངོན་པར་མཚོན་ཐུབ་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།