མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཏོའུ་ཅེ་ཁྲི་ཀ་བཅའ་སྡོད་སློབ་གྲྭར་གཟིགས་ཞིབ་བྱས།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-03-14 09:06:00 ཀློག་གྲངས།:


མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཏོའུ་ཅེ་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་བྱ་བར་གཟིགས་ཞིབ་བྱེད་པ།

          སྤྱི་ལོ2012ལོའི་ཟླ3པའི་ཚེས13ཉིན་གྱི་ཕྱི་དྲོའི་དུས་ཚོད་གཉིས་ཀྱི་སྟེང་དུ་མཚོ་ལྷོ་ཁུལ་དང་ཁུལ་དཔོན་ཚེ་རིང་ཐར།  ཁུལ་སློབ་གསོ་ཅུའུ་ཡི་འགོ་ཁྲིད་སོགས་མི་སྣ20ལྷག་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་བྱ་བར་གཟིགས་ཞིབ་ཏུ་ཕེབས།


མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཏོའུ་ཅེ་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་
གྲྭའི་སློབ་མའི་སློབ་སྦྱོང་གི་འཚོ་བར་གཟིགས་ཞིབ་བྱེད་པ།

          ལྷག་བསམ་དང་འཛུམ་མདངས་ཀྱི་ཁྲོད་ནས་སློབ་གྲྭའི་འགོ་ཁྲིད་རྣམས་ཀྱིས་ཁུལ་ཨུའི་ཧྲུའུ་ཅི་འཁོར་དང་བཅས་པ་སློབ་གྲྭའི་གསོན་ཉམས་ལྡན་པའི་སློབ་མའི་ཉལ་ཁང་དང་གསོལ་ཁང་ཆེན་མོ། ཐོག་བརྩེགས་ཅན་གྱི་སློབ་ཁང་སོགས་གོ་རིམ་བཞིན་ སློབ་གྲྭའི་སྣེ་ཤན་པའི་ཞིབ་གསལ་དག་གསུམ་ཐོན་པའི་སྨྲ་ལྕེ་བདེ་མོས་འགྲེལ་བཤད་བྱས་ཤིང་ཞིབ་ཚགས་ལྡན་པའི་ངང་གཟིགས་ཞིབ་མཛད་དེ། སློབ་མའི་འཚོ་བ་དང་སློབ་སྦྱོང་གི་ཐད། བདེ་འཇགས་ཀྱི་ཐད་བཅས་ལ་རྒྱུས་ལོན་བྱས་ཏེ། དྭངས་གཙང་གི་ སློབ་གྲྭའི་ཁོར་ཡུག་དང་བཀོད་ལེགས་གསོན་ཉམས་དོད་པའི་འཛུགས་སྐྲུན། སློབ་མའི་བདེ་ཐང་གི་འཚར་ལོངས་ཀྱི་རྣམ་པར་ཡིད་དགའ་བའི་ངང་ནས་གདེང་འཇོག་ལེགས་པོ་གནང་།


མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཏོའུ་ཅེ་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་བྱ་བར་གཟིགས་ཞིབ་བྱེད་པ།

          སློབ་གྲྭའི་འགོ་ཁྲིད་དག་གིས་ཀྱང་རྗེས་ཕྱོགས་མུ་མཐུད་དུ་དུས་བསྟུན་མཉམ་བསྐྱོད་སྒོས་སློབ་མའི་ནུས་པ་སྐྱེད་སྲིང་དང་སློབ་གྲྭའི་འཛུགས་སྐྲུན་ཐད་ལ་ཧུར་ཐག་བྱེད་རྒྱུ་ཡིན་ཞེས་སྙན་ཞུ་ཕུལ། དེར་མཐུད་ནས་མིག་སྔར་སློབ་སྦྱོང་མཁོ་ཆས་ཐད་ཀྱི་མི་འདང་ས། སློབ་གྲྭའི་ཆུ་རིན་དཀའ་བ། གློག་རིན་ཕྱོགས་ལ་འགྲོ་སྒོ་ཆེ་བ་སོགས་ཡར་ཞུ་བྱས་པར། དུས་ཐོག་ཏུ་ཁུལ་ཨུའི་ཧྲུའུ་ཅི་ཏོའུ་ཅེ་ཡིས་ཐབས་བརྒྱ་ཇུས་སྟོང་སྤྱད་ནས་གནད་དོན་རེ་རེ་ཐག་གཅོད་པའི་ཁས་ལེན་དམ་བཅའ་མཛད་ཅིང་རོགས་སྐྱོར་གང་ལེགས་བྱེད་པའི་ཆོད་སེམས་བརྗོད།  མ་ཟད་སློབ་གྲྭའི་བྱ་བའི་ཐད་དུ་ད་དུང་ཤུགས་སྣོན་དགོས་སར་བྱམས་བརྩེ་ངང་མཛུབ་སྟོན་གནང་བ་རེད།


མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཏོའུ་ཅེ་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་བྱ་བར་གཟིགས་ཞིབ་བྱེད་པ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།