སློབ་འགོ་ཚུགས་པ་ནས་བཟུང་ཀན་སུའུ་དཔའ་རིས་རྫོང་གིས་མཐོ་འབྲིང་རིན་མེད་སློབ་གསོ་མངོན་འགྱུར་བྱས་པ།
དཔའ་རིས་བོད་རིགས་རང་སྐྱོང་རྫོང་མི་རིགས་སློབ་འབྲིང་།
ཀན་སུའུ་དཔའ་རིས་བོད་རིགས་རང་སྐྱོང་རྫོང་མི་རིགས་སློབ་འབྲིང་གི་མཐོ་གཉིས་འཛིན་གྲྭ་དང་པོའི་སློབ་མ་སྒྲོལ་ལུང་གིས“ད་ལོ་ལོ་འགོའི་སློབ་གྲྭ་ཚོགས་པ་ནས་བཟུང་ང་དང་ནུ་བོ་གཉིས་ཀྱིས་སློབ་ཡོན་སྤྲོད་མི་དགོས་ཤིང་། ཁྱིམ་ཚང་གིས་སློབ་ཡོན་སྤྲོད་པའི་འགན་ཁུར་ཡང་ཇེ་ཡང་དུ་སོང་བས། གཟའ་མི་གང་བོ་དགའ་སྤྲོ་ཆེན་པོ་སྐྱེས་བཞིན་ཡོད”ཞེས་གསར་འགོད་པར་བཤད།
ཁོས་ད་དུང་མཐོ་འབྲིང་དང་པོ་དང་གཉིས་པའི་སྐབས་སུ་ལོ་རེར་སློབ་ཡོན་སྒོར560དང་། སྡོད་ཁང་ལ་སྒོར200། དཔེ་རིན་ལ་སྒོར600སྤྱོད་དགོས་པ་དང་། དེ་མིན་འཚོ་བའི་འགྲོ་གྲོན་བཅས་བསྡོམས་པས་ལོ་གཅིག་ལ་སྒོར་སྟོང་གཉིས་ལྷག་གི་འགྲོ་སོང་ཡོད་ཅིང་། དེར་མ་ཟད་དཔའ་རིས་སློབ་འབྲིང་དང་པོར་འགྲིམ་བཞིན་པའི་མཐོ་འབྲིང་གཉིས་པའི་ནུ་བོར་ཡང་འགྲོ་གྲོན་དེ་འདྲ་ཕུལ་དགོས་རྐྱེན་ཁོ་གཉིས་ལ་མ་མཐའ་ཡང་ལོ་རེར་སྒོར5000ལྷག་སྤྲོད་དགོས། ཁྱིམ་གྱི་ཡོང་སྒོ་ཡོད་ཚད་ཕ་མས་འཛུགས་སྐྲུན་གནས་གཞི་ནས་ལས་ཞོར་གྱི་ཟླ་རེའི་སྒོར2000ལ་རྟེན་པ་ཡིན་ཞིང་། དགུན་དུས་འཛུགས་སྐྲུན་ལས་མཚམས་བཞག་རྗེས་ཡུལ་དུ་ངལ་གསོ་བ་ལས་ཐབས་མེད་སྟབས། ལོ་རེའི་ཡོང་སྒོ་མང་ནའང་སྒོར་ཁྲི་གཅིག་ལྷག་ལས་མི་འདུག་ཟེར།
དཔའ་རིས་ནི་རང་རྒྱལ་བོད་རིགས་འདུས་སྡོད་ས་ཁུལ་གྱི་མི་རིགས་ས་ཁུངས་རང་སྐྱོང་ལམ་ལུགས་ཀྱི་རྫོང་དང་པོ་ཡིན་ཏེ། མཚོ་བོད་མཐོ་སྒང་གི་ཤར་འགྲམ་དུ་གནས། རྫོང་ཡོངས་ལ་མི་གྲངས་ཁྲི21ལྷག་ཡོད་ཅིང་དེའི་ཁྲོད་བོད་རིགས་ཀྱིས31.6%ཟིན་པ་ཡིན། ད་ལོ་དཔྱིད་ཀའི་སློབ་འགོ་ཚུགས་པ་ནས་བཟུང་དཔའ་རིས་རྫོང་གིས་མཐོ་འབྲིང་སྐབས་ཀྱི་རིན་མེད་སློབ་གསོ་ཡོངས་སུ་མངོན་འགྱུར་བྱས་ཡོད་དེ། རྫོང་ནོར་སྲིད་ཅུས་ལོ་རེར་ཁྱོན་ཡོངས་སུ་ཁ་གསབ་རོགས་དངུལ་སྒོར་ཁྲི1100ལྷག་དང་། རྫོང་ཡོངས་ཀྱི་མཐོ་འབྲིང་སློབ་མ5600ལྷག་གི་སློབ་ཡོན་དང་སྡོད་ཁང་གི་རིན། དཔེ་རིན་བཅས་སྤྲོད་མི་དགོས་པར་བྱས་པ་མ་ཟད། བཅའ་སྡོད་སློབ་མ་རེར་ལོ་རེར་སྒོར་སྟོང་གི་འཚོ་བའི་རོགས་དངུལ་གནང་བ་རེད།
མཐོ་འབྲིང་སྐབས་ཀྱི་རིན་མེད་སློབ་གསོ་ཡོངས་སུ་མངོན་འགྱུར་བྱས་པ་འདིས་རིན་མེད་སློབ་གསོ་དེ་འོས་འགན་སློབ་གསོ་ནས་མཐོ་འབྲིང་གི་དུས་སྐབས་ལ་བསྲིང་ཡོད་ཅིང་། འདི་ལག་བསྟར་བྱེད་པར་དཀའ་ཁག་གང་མང་ལ་འཕྲད་སྲིད་ནའང་ཁོ་ཚོའི་སློབ་གསོ་འཕེལ་རྒྱས་ལ་བཅངས་བའི་འགྱུར་མེད་ཀྱི་སེམས་འདུན་མཚོན་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com