སྟག་འབུམ་རྒྱལ་གྱི་སྒྲུང་རྩོམ《མི་ཚེའི་གླུ་དབྱངས》ཞེས་པར2011ལོའི་མི་རིགས་རྩོམ་རིག་གི་བྱ་དགའ་ཐོབ་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-03-22 10:04:00 ཀློག་གྲངས།:


དཔྱད་འདེམས་པ་དང་རྩོམ་པ་པོ་མཐུན་ཚོགས་ཀྱི་འགོ་ཁྲིས་རྣམས།

          ཉེ་ལམ། 2011ལོའི《མི་རིགས་རྩོམ་རིག》བྱ་དགའ་གནང་བའི་མཛད་སྒོ་དེ་པེ་ཅིང་དུ་བསྡུས་ཤིང་།  དཔྱད་འདེམས་པ་དག་ནི་མིང་དུ་གྲགས་པའི་དཔྱད་འཇོག་པ་དང་རྩོམ་སྒྲིག་པ། ཡིག་བསྒྱུར་བ་སོགས་མི18ལྷག་གིས་གྲུབ།  ཉིག་ཡུ་ཆིག་དང་། པེ་ཁྲུན་རིན་སོགས་རྒྱ་ཡིག་པར་གཞིའི་དཔྱད་འདེམས་པ་དང་། པདྨ་ཚེ་བརྟན་དང་བཀྲ་བྷ། ཏེ་ལེ་མུ་ལ་ཐེ་ཐེའུ་ཐེ།  ཨར་ཐེ། ཁྲིན་གངས་ལུང་། བྱམས་པ་རྒྱ་མཚོ། སོ་ཤུའུ་ཨར་སོགས་བོད་ཡིག་པར་གཞི་དང་སོག་ཡིག་པར་གཞི། ཡུ་གུར་པར་གཞིའི་དཔྱད་འདེམས་པ་རྣམས་ཡོད་པ་དང་།  ཚོགས་འདུའི་སྟེང་མིང་བྱང་འོས་ཤོག་འཕེན་པའི་ཐབས་ཤེས་སྤྱད་དེ་གཤམ་གསལ་གྱི་བརྩམས་ཆོས་དག་བདམས་པ་རེད།

རྒྱ་ཡིག་ལམ་གྱི་བརྩམས་ཆོས།

གྲངས་ཉུང་མི་རིགས་སྐད་ཀྱི་བརྩམས་ཆོས།


སྟག་འབུམ་རྒྱལ་གྱི་སྒྲུང་རྩོམ《མི་ཚེའི་གླུ་དབྱངས》ཞེས་པར2011ལོའི་མི་རིགས་རྩོམ་རིག་གི་བྱ་དགའ་ཐོབ་པ།

          སྟག་འབུམ་རྒྱལ་གྱི་སྒྲུང་ཐུང《མི་ཚེའི་གླུ་དབྱངས》ནི་པདྨ་ཚེ་བརྟན་གྱིས་རྒྱ་ཡིག་ཏུ་བསྒྱུར་ཏེ《མི་རིགས་རྩོམ་རིག》(རྒྱ་ཡིག་པར་གཞི)2011ལོའི་དེབ9བའི་སྟེང་བཀོད་ཅིང་། བྱ་དགའ་ཐོབ་པའི་བསྟོད་ཚིག་སྟེ། སྟག་འབུམ་རྒྱལ་གྱི་སྒྲུང་ཐུང《མི་ཚེའི་གླུ་དབྱངས》ཞེས་པས་བོད་རིགས་ཀྱི་དུས་རྒྱུན་འཚོ་བར་དངོས་བྲིས་བྱས་པ་བརྒྱུད་མི་ཚེའི་ཚོར་འདུ་གང་མང་ཞིག་སྒྲུང་རྩོམ་དུ་དྲངས་ཏེ་ཀློག་པ་པོ་རྣམས་ལ་ཐུན་མོང་མ་ཡིན་པའི་བསམ་གཞིག་དང་ཚོར་སྣང་ཞིག་ངང་ངམ་ཤུགས་ཀྱིས་བསྐྱེད་བྱུང་།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།