བདེ་ཆེན་བོད་ཁུལ་གྱིས་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་ལེགས་པོར་བྱས་པ།
བདེ་ཆེན་རྫོང་གི་བཟོ་རྩལ་བ་བློ་བཟང་བཀྲ་ཤིས་ཀྱིས་ཟངས་ཀྱི་བཟོ་རྩལ་ཐོན་རྫས་ལས་བཞིན་པ།
(བོད་ཀྱི་ལྕགས་རིགས་བཟོ་རྩལ་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་མིང་ཐོ་རུ་བདམས།)
བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ནི་ཡུན་ནན་ཞིང་ཆེན་གྱི་ཁོངས་སུ་མངའ་བའི་བོད་རིགས་རང་སྐྱོང་ཁུལ་ཁོ་ན་ཡིན་ཞིང་། ཡུན་ནན་ཞིང་ཆེན་གྱི་ནུབ་བྱང་ཕྱོགས་ཏེ་ཡུན་ནན་དང་། སི་ཁྲོན། བོད་ལྗོངས་བཅས་ལྗོངས་ཞིང་གསུམ་གྱི་འདྲེས་མཚམས་སུ་ཆགས་ཡོད། ལོ་རྒྱུས་བྱུང་བ་རིང་མོ་དང་། ཐུན་མོང་མ་ཡིན་པའི་གླུ་གཞས་དང་ཞབས་བྲོ། ཁྱད་དུ་འཕགས་པའི་བཟོ་རིག་ལག་རྩལ། ཕུན་སུམ་ཚོགས་པའི་མི་རིགས་ཀྱི་ཁྱད་ཆོས་སོགས་ཀྱིས་ཡུལ་དེ་གའི་གཟུགས་འདས་ཤུལ་བཞག་རིག་གནས་ལ་ཐོན་ཁུངས་གྱ་ནོམ་པ་ཞིག་བསྐྲུན་པ་རེད། ལོ་ངོ་དུ་མའི་ཧུར་བརྩོན་ལ་བརྟེན་ནས་བདེ་ཆེན་ཁུལ་དུ་རྒྱལ་ཁབ་རིམ་པ་དང་། ཞིང་ཆེན་རིམ་པ། ཁུལ་རིམ་པ། རྫོང་རིམ་པ་བཅས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་མིང་ཐོ་མ་ལག་བཙུགས་ཡོད་པར་མ་ཟད། སྲུང་སྐྱོབ་གཙོ་བོ་དང་། མྱུར་སྐྱོབ་དང་པོ། བེད་སྤྱོད་འོས་འཚམ། རྒྱུན་འཛིན་དར་སྤེལ་བཅས་ཀྱི་བྱེད་ཕྱོགས་ལྟར་གཟུགས་འདས་ཤུལ་བཞག་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བ་ལེགས་པོར་སྤེལ་བ་རེད།
སེམས་ཀྱི་ཉི་ཟླ་རྫོང་གི་རྫ་བཟོ་བ་བསམ་ནོར་འཕྲིན་ལས་ཀྱིས་རྫ་སྣོད་ལས་བཞིན་པ།
(བོད་ཀྱི་རྫ་ནག་ལག་རྩལ་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་མིང་ཐོ་རུ་བདམས།)
བདེ་ཆེན་ཁུལ་འབའ་ལུང་རྫོང་གི་བོད་རིགས་རྣམས་སྐོར་བྲོ་འཁྲབ་བཞིན་པ།
(བོད་ཀྱི་སྐོར་བྲོ་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་མིང་ཐོ་རུ་བདམས།)
མིག་སྔར་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་བོད་ཀྱི་སྐོར་བྲོ་དང་། གེ་སར་སྒྲུང་བཤད། ཏུན་པའི་ཤོག་བཟོ་ལག་རྩལ་སོགས་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་མིང་ཐོ་རུ་བདམས་ཡོད་ཅིང་། 2011ལོའི་བར་དུ་བདེ་ཆེན་ཁུལ་དུ་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལས་གཞི5དང་། ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལས་གཞི19དང་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ50། ཁུལ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལས་གཞི119དང་རྒྱུན་འཛིན་པ117ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com