ལྷོ་ཁ་ས་ཁུལ་གྱི་སྐད་གཉིས་དགེ་རྒན་ཟབ་སྦྱོང་གཞི་གནས་ལས་གཞིའི་འགོ་ཚུགས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-03-24 09:11:00 ཀློག་གྲངས།:


ལྷོ་ཁ་ས་ཁུལ་གྱི་སྐད་གཉིས་དགེ་རྒན་ཟབ་སྦྱོང་གཞི་གནས་ལས་གཞི་འགོ་བརྩམས་པའི་མཛད་སྒོ་བསྡུ་བ།

  ཟླ3པའི་ཚེས23ཉིན། ལྷོ་ཁ་ས་ཁུལ་གྱི་སྐད་གཉིས་དགེ་རྒན་ཟབ་སྦྱོང་གཞི་གནས་ལས་གཞིའི་འགོ་བརྩམས་པ་རེད། དེ་ནི་ལྷོ་ཁ་ས་ཁུལ“ལོ་ལྔའི་འཆར་གཞི་བཅུ་གཉིས”ཀྱི་སློབ་གསོ་གོང་སྤེལ་བཅོས་བསྒྱུར་གྱི་ལས་གཞི་གཙོ་བོ་ཞིག་ཡིན་པར་མ་ཟད། རང་སྐྱོང་ལྗོངས་ཡོངས་སུ་སྐད་གཉིས་དགེ་རྒན་ཟབ་སྦྱོང་བྱེད་པའི་གཞི་གནས་ཐོག་མ་རེད། ལས་གཞི་འདིར་སྤྱིའི་མ་དངུལ་སྒོར་བྱེ་བ2བཏང་བ་དང་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ7325ཡོད་པ་རེད།
  རྒྱུས་ལོན་བྱུང་བ་ལྟར་ན། ལྷོ་ཁ་ས་ཁུལ་གྱི་སྐད་གཉིས་དགེ་རྒན་ཟབ་སྦྱོང་གཞི་གནས་ལེགས་འགྲུབ་བྱུང་ཚེ་ཐེངས་གཅིག་ལ་མི160ཟབ་སྦྱོང་དུ་ཞུགས་ཐུབ་ཅིང་། དཀྱུས་མའི་སློབ་ཁྲིད་འཛིན་གྲྭ་བཞི་དང་། དེང་རབས་ཀྱི་རྩིས་འཁོར་སློབ་ཁང་། སྡོད་ཁང་། ཟ་ཁང་བཅས་ཡོངས་སུ་ཆ་ཚང་ལ། ལས་གཞི་འདི་ལེགས་འགྲུབ་བྱུང་ཚེ་ལྷོ་ཁ་ས་ཁུལ་གྱི་དགེ་རྒན་རྣམས་ཀྱི་ཟབ་སྦྱོང་དང་གསར་བསྐྲུན་ལ་མཐུན་རྐྱེན་ལེགས་པོ་ཞིག་བསྐྲུན་པ་དང་མཉམ་དུ། ཁོང་ཚོར་སློབ་སྦྱོང་དང་འཚོ་བའི་ཁོར་ཡུག་ལེགས་པོ་ཞིག་འདོན་སྤྲོད་བྱེད་ཐུབ་པ་དང་། ས་ཁུལ་དེ་གའི་དགེ་རྒན་རྣམས་ཀྱི་བྱང་ཚད་མཐོར་འདེགས་བྱེད་པར་དགེ་མཚན་དོད་པོ་ལྡན་ནོ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།