མཚོ་སྔོན་བོད་ཁུལ་གྱི་སློབ་གསོའི་འཕེལ་རྒྱས་ལ་མ་དངུལ་འབོར་ཆེན་བཏང་བ།
རྒྱུས་ལོན་བྱུང་བ་ལྟར་ན་མཚོ་སྔོན་གྱིས་མ་དངུལ་འབོར་ཆེན་བཏང་སྟེ་སློབ་གསོའི་ལས་གཞི་རབས་དང་རིམ་པ་སྤེལ་ནས་སློབ་གསོ་འདྲ་མཉམ་དང་། སློབ་གསོའི་སྤུས་ཚད་མཐོར་འདེགས། རྒྱུན་སྐྱོང་ཐུབ་པའི་འཕེལ་རྒྱས་ནུས་པ་ཇེ་ཆེར། བོད་ཁུལ་གྱི་སློབ་གསོའི་ལས་དོན་གོང་དུ་སྤེལ་བ་རེད།
མཚོ་སྔོན་ཞིང་ཆེན་གྱིས་སློབ་གྲྭ་ཆུང་འབྲིང་གི་ཆགས་ཚུལ་ལེགས་སྒྲིག་དང་སློབ་གྲྭའི་མལ་ཁང་བདེ་འཇགས་བཟོ་གྲྭ་ལས་གཞན་སློབ་སྔོན་སློབ་གསོའི་འཕེལ་རྒྱས་ལས་གཞི་དང་། དམིགས་བསལ་སློབ་གསོ་སློབ་གྲྭའི་འཛུགས་སྐྲུན་ལས་གཞི། དཔེ་སྟོན་རང་བཞིན་གྱི་མཐོ་འབྲིང་འཛུགས་སྐྲུན་ལས་གཞི། འབྲིང་རིམ་ལས་རིགས་སློབ་གྲྭའི་རྨང་གཞིའི་ནུས་པ་འཛུགས་སྐྲུན་ལས་གཞི། མཐོ་རིམ་སློབ་གྲྭས་ས་གནས་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་ཞུ་སྒྲུབ་པར་རྒྱབ་སྐྱོར་གནང་བའི་རྨང་གཞིའི་འཛུགས་སྐྲུན་ལས་གཞི། མི་རིགས་སློབ་གསོ་སྐད་གཉིས་སློབ་ཁྲིད་བཅོས་སྒྱུར་ལས་གཞི། རྨང་གཞི་སློབ་གསོ་ཆ་འཕྲིན་ཅན་དུ་བསྒྱུར་བའི་འཛུགས་སྐྲུན་ལས་གཞི། སློབ་གསོའི་ལག་རྩལ་སྒྲིག་ཆས་ཚད་ལྡན་ཅན་དུ་བསྒྱུར་བའི་འཛུགས་སྐྲུན་ལས་གཞི། རོང་འབྲོག་ཁུལ་དགེ་རྒན་གྱི་འཁོར་རྒྱུག་སྡོད་ཁང་ལས་གཞི། སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་བྱང་ཚད་མཐོར་འདེགས་བྱེད་པའི་ལས་གཞི། མཚོ་སྔོན་གྱི་སློབ་གསོའི་ཁུལ་འཛུགས་སྐྲུན་ལས་གཞི་བཅས་སློབ་གསོའི་ལས་གཞི12སྤེལ་པ་རེད།
མཚོ་སྔོན་ཞིང་ཆེན་གྱིས་སློབ་གསོའི་འགྲོ་གྲོན་འགན་སྲུང་ནང་རྐྱེན་ཁྱོན་ཡོངས་སུ་ལག་བསྟར་བྱས་ནས་རོང་འབྲོག་ཁུལ་གྱི་འགན་བབ་སློབ་གསོ་སྤྱི་བའི་ནོར་སྲིད་འགན་སྲུང་ཁྲོད་དུ་འཇོག་རྒྱུ་རེད། 2006ལོ་ནས2010ལོའི་བར་དུ་ནང་རྐྱེན་འགན་སྲུང་མ་དངུལ་སྒོར་དུང་ཕྱུར22.55དངོས་འབེབས་བྱས་ཤིང་། འགན་བབ་སློབ་གསོ་རིམ་པའི་སློབ་མ་ཡོངས་ཀྱིས་སློབ་ཡོན་དང་དཔེ་རིན་སྤྲོད་མི་དགོས་ལ། མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་གྱིས་ཞིང་ཆེན་ཡོངས་སུ་ལོ12རིང་སློབ་ཡོན་མི་དགོས་པའི་སློབ་གསོ་ཐོག་མར་སྤེལ་བ་རེད།
རྨང་གཞིའི་སློབ་གསོ་མགྱོགས་མྱུར་སྒོས་འཕེལ་རྒྱས་བྱུང་བ་དང་མཉམས་དུ། བོད་ཁུལ་གྱི་ཤེས་ལྡན་མི་སྣའི་དཔུང་སྡེའི་འཛུགས་སྐྲུན་ཡང་ཇེ་ལེགས་སུ་བཏང་བ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com