ཁྲི་ཀ་བཅའ་སྡོད་སློབ་གྲྭས་སྣ་འཛོམས་ཤེས་བྱའི་འགྲན་སྡུར་སྤེལ་བ།
མདོ་འཛིན་པས་བརྙན་རས་ངོས་ཀྱི་དྲི་བ་འདོན་བཞིན་པའི་ཚུལ།
ཚན་རྩལ་རིག་གནས་ལ་རྟོག་ཞིབ་བྱས་ཏེ་ཚན་རིག་རིག་གནས་ཐད་ལ་ངོས་འཛིན་དང་ཚན་རིག་ལ་དགའ་བའི་སྤྲོ་སྣང་སློང་བ་གཞིར་བྱས་པ་དང༌། ཕྱོགས་གཞན་ཞིག་ནས་སློབ་མའི་གསར་གཏོད་ཀྱི་ནུས་པ་སྐྱེད་སྲིང་བྱ་བ་རྨང་གཞིར་བཟུང་བ་དང་སློབ་མ་རྣམས་ཀྱི་སློབ་སྦྱོང་གི་འཚོ་བ་ཕུན་ཚོགས་སུ་གཏོང་ཆེད། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་བརྩོན་འགྲུས་གླིང་གིས2012ལོའི་ཟླ3པའི་ཚེས25ཉིན་གྱི་ཕྱི་དྲོར་སློབ་གྲྭའི་སྐས་རིམ་ཚོམས་ཁང་དུ་ཆབ་སྲིད་དང་ལོ་རྒྱུས། ས་ཁམས། སྐྱེ་དངོས་བཅས་བསླབ་ཁག་བཞི་ལས་རྒྱུན་མཁོའི་ཤེས་བྱ་འཚོལ་བསྡུ་དང་དག་སྒྲིག་བྱས་ཏེ་སྣ་འཛོམས་རང་བཞིན་གྱི་ཤེས་བྱ་འགྲན་བསྡུར་ཞིག་སྤེལ་བ་རེད།
དགེ་སློབ་ཚང་མས་སེམས་པ་གཅིག་ཏུ་བསྡུས་ནས་དྲི་བར་འདང་རྒྱག་པའི་ཚུལ།
རྩིས་འཁོར་དགེ་རྒན་གྱི་ཉམས་མྱོང་བྱང་ཆ་དོད་པའི་ལག་རྩལ་ལས་ཤེས་བྱའི་དྲི་བ་མཐའ་དག་དེང་རབས་སྨྱན་མང་གཟུགས་ཀྱི་ཐབས་ལམ་སྤྱད་ནས་སྟབས་བདེ་དང་མྱུར་མགྱོགས་ཀྱི་དགེ་མཚན་ལས་སློབ་མ་རྣམ་པར་མིག་རྒྱ་བསྐྱེད་ཅིང༌། ལྷག་པར་མདོ་འཛིན་པའི་རྒྱ་བོད་སྐད་གཉིས་ལ་ཐོགས་པ་མེད་ཅིང་ཁ་མཚར་དང་ཀུ་རེ་འདྲེས་མའི་སྨྲ་ལྕེ་ལས་སློབ་མ་རྣམ་པར་སྤྲོ་བ་གསར་བ་ཞིག་བསྐྱེད་པ་མ་ཟད། ཕན་ཚུན་ལ་འགྲན་རྩོད་ཀྱི་འདུ་ཤེས་བཅོས་མིན་དུ་བསླངས། མཚམས་རེར་འཚབ་སྣང་དང་རེ་སྒུག་གི་སྐོམ་པ་ཡང་རེ་འགར་བསླངས་པས་འགྲན་སྡུར་གྱི་མགོ་མཇུག་བར་གསུམ་ཛ་དྲག་ཆེ་ཞིང་འཁྲུག་ཆ་དོད་པར་གྱུར། ཐེངས་འདིའི་འགྲན་སྡུར་ལས་དཔེ་ཆའི་ཐོག་གི་ཤེས་བྱ་སྣ་གཅིག་པུ་མ་ཡིན་པར། སློབ་གསེང་གི་ཁོམ་སྐབས་ཁྲོད་ནས་སྣ་ཚོགས་རྒྱུན་མཁོའི་ཤེས་བྱ་ལའང་སློབ་སྦྱོང་བྱེད་དགོས་པའི་ངེས་ཤེས་བྱིན་པ་དང༌། སློབ་མ་ལ་ལའི་མ་འོངས་འཕེལ་རྒྱས་དང་རྗེས་ཕྱོགས་ཀྱི་སློབ་སྦྱོང་ཐད་ལ་སྐུལ་འདེད་ཀྱི་ནུས་པའང་ངང་ངམ་ཤུགས་ཀྱིས་བསྩལ།
བསམ་གཞིག་གི་སྣེ་ནས་རྒྱལ་ཕམ་ཐག་གཅོད་པ།
འགྲན་སྡུར་གྱི་བརྒྱུད་རིམ་ཐད་ལའང་ངེས་པར་ལན་འདེབས་དགོས་པའི་དྲི་བའི་སྐོར་དང༌། འཕྲོག་ལན་གྱི་སྐོར། ཉེན་ཁ་ཅན་གྱི་དྲི་བའི་སྐོར་བཅས་རིམ་པ་ཆེན་པོ་གསུམ་དུ་འགྲན་སྡུར་བྱས་པར་ཕྱི་དྲོའི་གསེར་ལས་ལྷག་པའི་དུས་ཚོད་ཇི་ལྟར་འདའ་བའང་མ་ཚོར་བ་རེད།
མཇུག་མཐར་མདོ་འཛིན་པས་ཐུན་མོང་བྱ་དགའ་དང་མི་སྒེར་གྱི་བྱ་དགའ་བཅས་རིམ་པ་བཞིན་བྱ་དགའི་གཟུགས་བཟོས་དངོས་པོ་དང་བཅས་གནང་བར། དགེ་སློབ་ཡོངས་ཀྱི་ལྷང་ལྷང་ཐལ་མོའི་རྡེབ་སྒྲ་ལས་རེབ་འདིའི་བྱ་འགུལ་བདེ་ལེགས་ངང་མཇུག་སྒྲིལ་བ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com