སེམས་ཀྱི་ཉི་ཟླའི་རིག་གནས་སྒྱུ་རྩལ་ཁྱམས་རའི་འགྲེམ་སྟོན་ཡུན་ནན་དགེ་ཐོན་སློབ་ཆེན་དུ་སྤེལ་བ།
ཡུན་ནན་མི་རིགས་སློབ་ཆེན་བོད་ཀྱི་རིག་གནས་ཞིབ་འཇུག་མཐུན་ཚོགས་ཀྱི་མཚོན་རྟགས།
ཟླ3པའི་ཚེས30ཉིན། ཡུན་ནན་མི་རིགས་སློབ་ཆེན་བོད་ཀྱི་རིག་གནས་ཞིབ་འཇུག་མཐུན་ཚོགས་དང་། ཡུན་ནན་དགེ་ཐོན་སློབ་ཆེན། ཡུན་ནན་སློབ་ཆེན། ཡུན་ནན་ནོར་སྲིད་དང་དཔལ་འབྱོར་སློབ་ཆེན། ཡུན་ནན་སྒྱུ་རྩལ་སློབ་གླིང་བཅས་མཉམ་འབྲེལ་བྱས་ནས་སྤེལ་བའི་སེམས་ཀྱི་ཉི་ཟླའི་རིག་གནས་སྒྱུ་རྩལ་དུས་ཆེན་འགོ་བརྩམས་པ་རེད། སྒྱུ་རྩལ་དུས་ཆེན་བྱ་འགུལ་ཟླ་གཅིག་རིང་དུ་སྤེལ་རྒྱུ་ཡིན་ཞིང་། བྱ་འགུལ་ལ་རིག་གནས་ཁྱམས་ར་དང་རིག་གནས་སྒྱུ་རྩལ་དགོང་ཚོགས་བཅས་ཁག་གཉིས་སུ་འདུས། དེ་ལས་རིག་གནས་ཁྱམས་རའི་འགྲེམ་སྟོན་སློབ་གྲྭ་ལྔ་རུ་སྤེལ་རྒྱུ་ཡིན་པ་དང་། བྱ་འགུལ་གྱི་བརྗོད་བྱ་གཙོ་བོ་ལ་བོད་ཀྱི་ཟས་རིགས་འགྲེམ་སྟོན་ཁུལ་དང་། བོད་ཁུལ་གྱི་དུས་སྟོན་འགྲེམ་སྟོན་ཁུལ། རྒྱན་གོས་འགྲེམ་སྟོན་ཁུལ། བོད་ཁུལ་གྱི་སྲོག་ཆགས་དང་སྐྱེ་དངོས་འགྲེམ་སྟོན་ཁུལ། བོད་རིགས་འཕེལ་རྒྱས་བྱུང་བའི་ལོ་རྒྱུས་དང་། རྩོམ་རིག་ལོ་རྒྱུས། བོད་ཀྱི་གསོ་རིག་འགྲེམ་སྟོན་ཁུལ་སོགས་ཁུལ་བརྒྱད་དུ་ཕྱེས་ནས་འགྲེམ་སྟོན་བྱེད་རྒྱུ་རེད།
རིག་གནས་ཁྱམས་རའི་འགྲེམ་སྟོན་དེ་ཟླ3པའི་ཚེས30ཉིན་ཡུན་ནན་དགེ་ཐོན་སློབ་ཆེན་དང་། ཟླ4བའི་ཚེས6ཉིན་ཡུན་ནན་སློབ་ཆེན། ཟླ4བའི་ཚེས13ཉིན་ཡུན་ནན་སྒྱུ་རྩལ་སློབ་གླིང་། ཟླ4བའི་ཚེས20ཉིན་ཡུན་ནན་ནོར་སྲིད་དང་དཔལ་འབྱོར་སློབ་ཆེན། ཟླ4བའི་ཚེས27ཉིན་ནས་ཚེས30ཉིན་བར་དུ་ཡུན་ནན་མི་རིགས་སློབ་ཆེན་བཅས་སུ་བཀོད་སྒྲིག་བྱས་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com