གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་བྱ་བའི་རྟོག་ཞིབ་ཚོགས་འདུ་ཟི་ལིང་དུ་བསྡུས་པ།
ཚོགས་རའི་ཟུར་ཞིག
ཚོགས་འདུའི་ཡུལ་དངོས།
ཉེ་སྔོན། མཚོ་སྔོན་རྩོམ་པ་པོ་མཐུན་ཚོགས་ཀྱིས་འགན་བསྒྲུབས་བྱས་པའི་ཀན་སུའུ་དང་། མཚོ་སྔོན། བོད་ལྗོངས་བཅས་ཡུལ་ཁོངས་གསུམ་གྱི་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་བྱ་བའི་རྟོག་ཞིབ་ཚོགས་འདུ་ཟི་ལང་དུ་བསྡུས་པ་རེད།
རྟོག་ཞིབ་ཚོགས་འདུའི་སྟེང་ཡུལ་ཁོངས་གསུམ་གྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ལ་ཡུལ་ཁོངས་སོ་སོའི་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་འཕེལ་རྒྱས་གནས་བབ་དང་མིག་སྔའི་གནད་དོན་ཁག་སྙན་ཞུ་བྱས་ཤིང་། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱིས་གྲངས་ཉུང་མི་རིགས་ཁོངས་མི་ནང་བསྡུ་དང་། སྐྱེད་སྲིང་། གྲངས་ཉུང་མི་རིགས་རྩོམ་རིག་སྲིད་ཇུས་རྒྱབ་སྐྱོར། གྲངས་ཉུང་མི་རིགས་དུས་དེབ་འཛུགས་སྐྲུན། གྲངས་ཉུང་མི་རིགས་རྩོམ་རིག་བརྗེ་རེས(རྒྱལ་སྤྱི་དང་རྒྱལ་ནང)དང་ནང་ཁུལ་གྱི་མཉམ་འབྲེལ། གྲངས་ཉུང་མི་རིགས་སྐད་ཡིག་གསར་རྩོམ(ཕ་སྐད་གསར་རྩོམ)། གྲངས་ཉུང་མི་རིགས་སྐད་ཡིག་རྩོམ་རིག་ལོ་ཙཱ་དང་འོས་སྦྱོར་སོགས་ཕྱོགས་མང་པོ་ནས་འཛུགས་སྐྲུན་རང་བཞིན་གྱི་བསམ་འཆར་དང་གྲོས་གཞི་བཏོན་པ་རེད།
སྙན་ངག་པ་གྲགས་ཅན་མེ་སྒྲོན་ལགས་ཚོགས་འདུར་ཞུགས་པ།
སྙན་ངག་པ་གྲགས་ཅན་པཎ་ཁོ་ལགས་ཚོགས་འདུར་ཞུགས་པ།
ཚོགས་འདུ་ལ་ཞུགས་པའི་ཀན་སུའུ་དང་། མཚོ་སྔོན། བོད་ལྗོངས་བཅས་ནས་ཡོང་བའི་རྩོམ་པ་པོ་དང་། ལོ་ཙཱ་བ། དཔྱད་འཇོག་པ། རྩོམ་རིག་དུས་དེབ་ཀྱི་རྩོམ་སྒྲིག་པ་སོགས་མི་སུམ་ཅུ་ལྷག་ཚོགས་འདུར་ཞུགས་ནས་གྲོས་འདོན་འཆར་འབུལ་གྱི་གྲོས་ཞིབ་རྒྱ་ཆེན་པོ་མཛད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com