ཧི་མ་ལའི་རིག་མཛོད་དྲ་བ་མི་འགྱངས་བར་ཤར་གཏོང་བྱ་རྒྱུ་ཡིན་པ།

རྩོམ་པ་པོ།:བསིལ་རླུང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-04-12 09:25:00 ཀློག་གྲངས།:


ཧི་མ་ལའི་རིག་མཛོད་དྲ་བའི་གཙོ་ངོས།

           ཧི་མ་ལའི་རིག་མཛོད་ཆེན་མོའི་དྲ་བ་མི་འགྱངས་བར་དྲ་ལམ་དུ་སྤེལ་རྒྱུ་ཡིན་ལ།  ཧི་མ་ལའི་རིག་མཛོད་དྲ་བ་འདི་ནི་ཉེ་སྔོན་རྒྱལ་ཁབ་ཕྱི་ནང་ཀུན་ན་མེད་ཅིང་ཐུན་མིན་བོད་ཀྱི་རིག་གནས་ཕྱོགས་ལ་ཁྱད་ཆོས་མངོན་གསལ་དུ་ཡོད་པའི་དྲ་བའི་རིག་མཛོད་ཆེན་མོ་ཞིག་ཡིན།  དྲ་མཛོད་འདིའི་ནང་བརྡ་འཕྲིན་དུས་རབས་གསར་བའི་འཕེལ་རྒྱས་དང་བསྟུན་ནས་བོད་ཀྱི་ཆོས་ལུགས་རིག་གནས་ཀྱིས་བསྡུས་པའི་རིག་གཞུང་མཐའ་དག་རྒྱལ་ཁབ་ཕྱི་ནང་ནས་འཚོལ་བསྡུ་བྱས་ཏེ་འཛམ་གླིང་ཧྲིལ་བོར་ལྟ་ཀློག་བྱེད་ཐུབ་པར་སྟབས་བདེ་བསྐྲུན་ཡོད།  
          དྲ་ཚིགས་འདིའི་ལེ་ཚན་གཅོ་བོ་ནི། ནང་བསྟན་དང་བོད་ཀྱི་གྲུབ་མཐའ་ཁག་དྲུག་གི་གསུང་འབུམ་སོགས་ཆོས་ཕྱོགས་ཀྱི་རིག་གནས་དང་།  དེ་མིན་བཟོ་གསོ་སོགས་ཐུན་མོང་རིག་གནས་ཆེ་ཆུང་ཀུན།  ད་དུང་བོད་ཀྱི་གནའ་རབས་དང་དེང་རབས་མཁས་རྩོམ་སོགས་སྤྱི་ཚོགས་ཉེར་མཁོའི་བརྩམས་ཆོས་ཆ་ཚང་འདུས་གྲུབ་བྱས་ཡོད་པར་མ་ཟད།  བརྡ་འཕྲིན་གྱི་འགྲོས་དང་བསྟུན་ནས་དཀའ་ངལ་གྱི་འགག་འཕྲེང་མང་པོ་ཞིག་བརྒལ་ཏེ་བོད་མི་རིགས་ཀྱི་ཆོས་ལུགས་རིག་གནས་དང་ཡུལ་སྲོལ་གོམ་གཤིས་སོགས་ཉེར་མཁོའི་ཤེས་བྱ་མི་ཉུང་བ་ཞིག་འཚོལ་བསྡུ་བྱས་ནས་བོད་ཀྱི་རིག་གནས་འདི་ཐོད་བརྒལ་གྱི་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་བརྩོན་པ་རྒྱ་ཆེན་བྱེད་བཞིན་ཡོད།    དེའི་ཕྱིར་ཧི་མ་ལའི་རིག་མཛོད་དྲ་བ་གཉེར་མཁན་དག་གིས་ཀྱང་ལྷག་བསམ་རྐྱང་བའི་རྨང་གཞི་བཏིང་ཡོད་པས། རྗེས་སོར་གཟིགས་མཁན་དག་གིས་འདི་ལ་ཕྱོགས་ཡོངས་ནས་མི་དམན་པའི་རྒྱབ་སྐྱོར་གནང་རོགས།   


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།