《གེ་སེར》ཞིབ་འཇུག་གྲུབ་འབྲས་དཔྱད་འདེམས་བྱ་དགའི་བྱ་འགུལ་སྤེལ་རྒྱུ་ཡིན་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-04-12 11:22:00 ཀློག་གྲངས།:

           ལོ་རྒྱུས་སྙན་རྩོམ་རིང་མོ《གེ་སེར》ཞེས་པའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་འདི་ཁྱབ་སྤེལ་དང་། མཚོ་སྔོན་ཞིང་ཆེན་གྱི《གེ་སེར》གཞུང་ལུགས་ཞིབ་འཇུག་དང་རིག་གཞུང་འབྲེལ་འདྲིས་སྔར་ལས་ཤུགས་སྣོན།  《གེ་སེར》ལས་རིགས་སྔར་ལས་ཕུན་ཚོགས་དང་འཕེལ་རྒྱས་སུ་གཏོང་བར། མཚོ་སྔོན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས2012ལོའི་ལོ་སྟོད་དུ་སྐད་དང་པོའི“མཚོ་སྔོན་ཞིང་ཆེན《གེ་སེར》ཞིབ་འཇུག་གྲུབ་འབྲས་བྱ་དགའ”ཞེས་པའི་དཔྱད་འདེམས་བྱ་དགའི་བྱ་འགུལ་སྤེལ་རྒྱུ་ཡིན་པ་རེད།
           སྐབས་འདིའི་ཕུལ་བྱུང་གྲུབ་འབྲས་བྱ་དགའི་རིགས་ལ། ཆེད་དཔེ་བརྩམས་ཆོས་དང་། དཔྱད་རྩོམ་སོགས་ཚད་བཀག་མེད་པར་རིགས་སྣ་ཚོགས་འདུས་ཤིང་།  མཚོ་སྔོན་ཞིང་ཆེན་དུ《གེ་སེར》ཞིབ་འཇུག་བྱེད་པའི་ཤེས་ཡོན་པ་དང་ཞིབ་འཇུག་པས2008ལོའི་ཟླ5བའི་ཚེས1ནས2011ལོའི་ཟླ4བའི་ཚེས30བར་རྒྱལ་ནང་དུ་པར་བསྐྲུན་འགྲེམ་སྤེལ་བྱས་པའི་བརྩམས་ཆོས་དང་།  ཚད་ལྡན་དུས་དེབ་སོགས་སུ་སྤེལ་པའི་ཞིབ་འཇུག་དཔྱད་རྩོམ་སོགས་ཡར་སྤྲོད་བྱས་ཆོག 

 

 

 

 

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།