རང་རྒྱལ་ཐོག་དང་པོའི《རྒྱ་བོད་ཁྲིམས་ལུགས་ཤེས་བྱའི་ཚིག་མཛོད》པེ་ཅིང་དུ་འགྲེམ་སྤེལ་གནང་།
ཐོག་དང་པོའི《རྒྱ་བོད་ཁྲིམས་ལུགས་ཤེས་བྱའི་ཚིག་མཛོད》པེ་ཅིང་དུ་འགྲེམ་སྤེལ་གནང་།
ཟླ4བའི་ཚེས18ཉིན། 《རྒྱ་བོད་ཁྲིམས་ལུགས་ཤེས་བྱའི་ཚིག་མཛོད》ཅེས་པ་པེ་ཅིང་དུ་འགྲེམ་སྤེལ་གནང་ཞིང་། འདིས་ཀྲུང་གོའི་བོད་ཁུལ་ཁྲིམས་ཁང་གི་རྒྱ་བོད་ཁྲིམས་ལུགས་བརྡ་ཆད་ཚིག་མཛོད་སྐོར་གྱི་སྟོང་ཆ་བསྐངས།
《རྒྱ་བོད་ཁྲིམས་ལུགས་ཤེས་བྱའི་ཚིག་མཛོད》ཅེས་པ་ནི་ནང་དོན་ཆ་ཚང་བའི་རྒྱ་བོད་ཁྲིམས་ལུགས་དཔེ་ཆས་ཤིག་ཡིན་པ་དང་དེར་ཡིག་འབྲུ་ཁྲི55ལྷག་འདུས། དེ་ཡང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་རྒྱབ་སྐྱོར་འོག མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་རྒྱ་བོད་སྐད་དང་ཡི་གེའི་ཁྱབ་ཁོངས་ཀྱི་སྙན་གྲགས་ཆེད་མཁས་རྣམས་དང་རྐང་འཛིན་སྐད་གཉིས་ཁྲིམས་དཔོན་སོགས་རྩ་འཛུགས་གནང་སྟེ་དུས་ཡུན་ལོ་གསུམ་གྱི་དཔྱད་གླེང་དང་། ཚན་ཞིབ། འཚོལ་བསྡུ། ལེགས་སྒྲིག དེ་མིན་ཡིག་སྒྱུར་བཅས་བྱས་པར་བརྒྱུད། མཐར་མི་དམངས་ཁྲིམས་ཁང་དཔེ་སྐྲུན་རྩོམ་སྒྲིག་ཁང་གིས་པར་བསྐྲུན་འགྲེམ་སྤེལ་བྱས་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com