བདེ་ཆེན་རྫོང་གཡག་རྭ་སྡེ་བར་ཆིན་རྒྱལ་རབས་སྐབས་ཀྱི་ནང་བསྟན་ལྡེབས་རིས་ཤིག་རྙེད་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-04-25 09:31:00 ཀློག་གྲངས།:


ལྡེབས་རིས་ཁག་ཅིག

  ཉེ་སྔོན། བདེ་ཆེན་རྫོང་གཡག་རྭ་སྡེ་བར་གནའ་བོའི་ནང་བསྟན་ལྡེབས་རིས་ཤིག་རྙེད་པ་དང་། བདེ་ཆེན་རྫོང་ཨུའི་དྲིལ་སྒྲོག་པུའུ་དང་རྫོང་རིག་དངོས་དོ་དམ་ཁང་གཉིས་ཀྱིས་རིག་དངོས་རྟོག་ཞིབ་ཚན་ཆུང་བཙུགས་ནས་ཡུལ་དངོས་སུ་རྟོག་ཞིབ་བྱས།
  ཐེངས་འདིར་གསར་དུ་རྙེད་པའི་ཆིན་རྒྱལ་རབས་སྐབས་ཀྱི་ནང་བསྟན་ལྡེབས་རིས་ནི་མཚོ་ངོས་ལས་མཐོ་ཚད་ལ་སྨི2819ཡོད་པའི་བདེ་ཆེན་རྫོང་གཡག་རྭ་སྡེ་བའི་ལྕང་ནང་ལྷ་ཁང་དུ་མངའ་ཞིང་། ལྷ་ཁང་དེ་ནི་རི་ལ་བརྟེན་ནས་བཞེངས་པའི་བོད་ལུགས་ཀྱི་བཟོ་བཀོད་ཉིས་བརྩེགས་ཅན་ཞིག་ཡིན་པ་དང་། ལྡེབས་རིས་དེ་དག་ཉིས་ཐོག་གི་ནང་ངོས་སུ་བཀོད་ཡོད་པ་རེད། ལྕང་ནང་ལྷ་ཁང་ནི་སྔོན་མར་ལྷ་ཁང་ཆུང་ཆུང་ཞིག་ཡིན་ལ། རིག་གནས་གསར་བརྗེ་སྐབས་སུ་ལྷ་སྐུ་མང་བོ་ཞིག་གཏོར་བཤིག་ཏུ་བཏང་བ་དང་ལྡེབས་རིས་སྟེང་རྡོ་ཐལ་བྱུགས་ནས་ལྷ་ཁང་དེ་མཛོད་ཁང་དུ་བཀོལ། དེའི་རྗེས་སྡེ་དམངས་རྣམས་ཀྱི་ཐུན་མོང་གི་བྱ་འགུལ་སྤེལ་གནས་ཤིག་ཏུ་གྱུར་པ་རེད། ལྡེབས་རིས་འདི་དག་ལོ་ཟླ་རིང་མོའི་བརྒྱུད་རིམ་ཁྲོད་གནོད་སྐྱོན་མི་ཉུང་བ་ཞིག་ཐེབས་མྱོང་མོད་ཀྱང་། ཉར་ཚགས་ལེགས་པོ་བྱས་པར་བརྟེན་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ54.28ཡོད་པའི་ལྡེབས་རིས་ཁག་ཅིག་མིག་སྔའི་བར་དུ་མ་འཇུག་པར་གནས་ཐུབ་པ་བྱུང་།


ལྡེབས་རིས་ཁག་ཅིག

ལྡེབས་རིས་ཁག་ཅིག

  ལྡེབས་རིས་ཁྲོད་གཙོ་བོ་བོད་བརྒྱུད་ནང་བསྟན་གྱི་བསྟན་བྱ་གཙོ་བོར་བཟུང་ནས་ཇོ་བོ་ཤཱཀྱ་མུ་ནེ་དང་། སངས་རྒྱས་སྨན་ལྷ། སློབ་དཔོན་པདྨ་འབྱུང་གནས། རྗེ་ཙོང་ཁ་བ་ཆེན་མོ། རྒྱལ་ཆེན་རིགས་བཞི་སོགས་ལྷ་སྐུ་བརྒྱ་ལྷག་བཞེངས་འདུག་ལ། ཐུན་མོང་མ་ཡིན་པའི་བཞེངས་ལུགས་མི་འདྲ་མང་པོ་མཆིས་ཏེ། མེ་ཏོག་པདྨ་ཁོ་ནར་མཚོན་ན་ལྡེབས་རིས་དེའི་ཁྲོད་བཞེངས་ལུགས་མི་འདྲ་བ་རིགས་བཅུ་ལྷག་འདུག  མིག་སྔར་བརྟག་དཔྱད་བྱས་པ་ལྟར་ན་ཆིན་རྒྱལ་རབས་སྐབས་ཀྱི་ལྡེབས་རིས་ཡིན་པར་ཁ་ཚོན་བཅད་པས། ལྡེབས་རིས་འདི་དག་ལ་སྒྱུ་རྩལ་དང་། ལོ་རྒྱུས་ཞིབ་འཇུག་གི་རིན་ཐང་གཞལ་དུ་མེད་པ་ལྡན། དེར་མ་ཟད་ལྕང་ནང་ལྷ་ཁང་གི་ཉེ་འཁོར་གྱི་འབའ་རྩེ་ལྷ་ཁང་དུ་དེ་དང་མཚུངས་པའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ70ཡས་མས་ཤིག་ཡོད་པའི་ལྡེབས་རིས་ཁག་ཅིག་རྙེད་པ་རེད།
  ལྡེབས་རིས་དེ་དག་གི་གནས་ཡུལ་དང་ཡུལ་དེའི་དཔལ་འབྱོར་ཆ་རྐྱེན་སོགས་ཀྱིས་དབང་གིས་དེ་ལ་ཞིག་གསོ་བྱེད་མ་ཐུབ་ཅིང་། ལྷ་ཁང་གཉི་ག་ཅུང་ཞིག་རལ་དུ་སོང་འདུག་པས་ལྡེབས་རིས་སྲུང་སྐྱོབ་ལ་བཀག་རྐྱེན་ཆེན་པོ་བཟོས་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།