མཚོ་ལྷོ་ཁུལ་གློག་ཀླད་སློབ་དཔྱོད་ཁང་གི་འགོ་ཁྲིད་གཟིགས་ཞིབ་ཏུ་ཕེབས་པ།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-04-25 11:17:00 ཀློག་གྲངས།:


མཚོ་ལྷོ་ཁུལ་གློག་ཀླད་སློབ་དཔྱོད་ཁང་གི་འགོ་ཁྲིད་རྣམས་ཁྲི་ཀ་རྫོང་མི་
རིགས་བཅའ་སྡོད་སློབ་གྲྭར་གཟིགས་ཞིབ་ཏུ་ཕེབས་པ། 

         ཟླ4བའི་ཚེས18ཉིན། མཚོ་ལྷོ་ཁུལ་གློག་རྡུལ་སློབ་དཔྱོད་ཁང་གི་ཀྲུའུ་རིན་ཀྲང་གོས་པང་གཙོ་བྱས་པའི་ཁུལ་མི་སྣ་བཞི་དང་ཁྲི་ཀ་རྫོང་སློབ་གསོ་ཅུའུ་ཡི་མི་སྣ་ལྔ་བཅས་མཉམ་དུ་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭར་ཕེབས་ཏེ། སློབ་གྲྭའི་སྨྱན་བྱད་སྒྲིག་ཆས་ཀྱི་སློབ་གསོའི་བེད་སྦྱོད་གནས་ཚུལ་དང་དོ་དམ། ཆ་འཕྲིན་སློབ་གསོ་བྱ་བའི་ཡིག་ཚགས་དོ་དམ་གནས་ཚུལ་སོགས་ཀྱི་ཐད་དུ་གཟིགས་ཞིབ་བྱས།
         ཁོ་ཚོ་ཚན་ཆུང་གཉིས་སུ་བགོས་ཏེ་ཕྱོགས་གཅིག་སློབ་ཁང་སོ་སོར་གཟིགས་ཞིབ་ཏུ་ཕེབས་ཤིང་། སྒྲིག་ཆས་ཀྱི་དོ་དམ་དང་གཅེས་སྤྲས། བཀོལ་སྤྱོད་ཐད་དུ་དངོས་སུ་འདྲི་དཔྱོད་དང་གཟིགས་ཞིབ་གནང་བ་དང་། སློབ་གྲྭའི་སློབ་ཁྲིད་དོ་དམ་ཁང་སོགས་ནས་ཆ་འཕྲིན་བྱ་བའི་འཆར་གཞི་དང་ལག་བསྟར་གནས་ཚུལ། ཡིག་ཚགས་དོ་དམ་སོགས་ལ་རྒྱུས་ལོན་ཞིབ་མོ་བྱས་ཤིང་། དུས་ཚོད11སྟེང་དུ་སློབ་ཁྲིད་དོ་དམ་ཁང་གི་མི་སྣ་དང་ཆ་འཕྲིན་དགེ་རྒན་ཡོངས་སློབ་གྲྭའི་ཚོགས་འདུ་ཁང་དུ་བསྡུས་ནས་གནས་ཚུལ་རྒྱུད་སྒྲོག་བྱ་བའི་ཚོགས་འདུ་འཚོགས།
          ཚོགས་ཐོག་ཏུ་མཚོ་ལྷོ་ཁུལ་གློག་རྡུལ་སློབ་དཔྱོད་ཁང་གི་ཀྲུའུ་རིན་ཀྲང་གོས་པང་གིས་བརྗོད་རྒྱུར། ཐེངས་འདིའི་གཟིགས་ཞིབ་བྱེད་པར་དམིགས་ཡུལ་གཙོ་བོ་བཞི་ཡོད་དེ། རིམ་པར་བརྗོད་ན་ཆ་འཕྲིན་སྒྲིག་ཆས་ཀྱི་བེད་སྤྱོད་གནས་ཚུལ། རྒྱུ་ཆ་ཕབ་ལེན་དང་བེད་སྤྱོད། དྲ་ཐོག་དཔེ་ལེགས་སློབ་ཁྲིད་ལ་བལྟས་པའི་གནས་ཚུལ། སློབ་ཁྲིད་དང་ཆ་འཕྲིན་རྒྱུ་ཆའི་ལེགས་སྡེབ་གནས་ཚུལ་སོགས་ཡིན་པར་བརྗོད་པ་དང་། ཐེངས་འདིའི་གཟིགས་ཞིབ་ལས་ཤེས་ཐུབ་པ་ཞིག་ནི་སློབ་གྲྭའི་འགོ་ཁྲིད་རིམ་པས་ཆ་འཕྲིན་སློབ་གསོར་མཐོང་ཆེན་བྱས་པ་དང་ཡིག་ཚགས་དོ་དམ་བྱ་བའང་ལེགས་པོ་འདུག་པར་གཟེངས་བསྟོད་དང་།  ད་དུང་མུ་མཐུད་ནས་འཐུས་ཚང་དང་ཚད་ལྡན་དུ་གཏོང་བའི་ཐད་དུ་བསམ་འཆར་གལ་ཆེན་གནང་།  གཞན་སློབ་གྲྭའི་དགེ་རྒན་གྱི་ཆ་འཕྲིན་བེད་སྤྱོད་ལག་རྩལ་དང་གཞུང་ལུགས་ཟབ་སྦྱོང་། དོན་དངོས་བེད་སྤྱོད་དང་བྱང་ཚད་སོགས་གསོ་སྦྱོང་ཐད་དུ་མི་འདང་ས་མང་བ་དང་། དེ་ཡང་དགེ་རྒན་ཡོད་ཚད་འགུལ་རིས་དང་ཁྲིད་ཆས་བཟོ་བྱེད་ཀྱི་མཉེན་ཆས་ཡོངས་ལ་བྱང་ཆ་ལྡན་པར་ཡོང་དགོས་པའི་ངེས་པ་མེད་ཀྱང་། རང་གི་ཁྲིད་ཆས་བེད་སྤྱོད་ཀྱི་འདུ་ཤེས་དང་ཟོར་ཡང་བར་སྤྱོད་པ། ཐོན་ནུས་ལྡན་པར་སྤྱོད་རྒྱུའི་འདུ་ཤེས་དང་བྱང་རྩལ་བཅས་ནི་མེད་དུ་མི་རུང་བའི་སྤུས་ཚད་ཀྱི་ཆ་ཤས་ཤིག་ཡིན་པ་དང་། བསླབ་གཞི་དང་ཆ་འཕྲིན་ལག་རྩལ་མཐུན་སྦྲེལ། ལེགས་སྡེབ་ཀྱིས་སློབ་གསོར་རམ་འདེགས་བྱེད་རྒྱུ་ནི་དེ་བས་ཀྱང་གལ་འགངས་ཆེ་བར་བརྗོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།