སེ་ར་དགོན་གྱིས་དཔེ་རྙིང་ལ་སྲུང་སྐྱོབ་དང་མི་རིགས་རིག་གནས་རྒྱུན་འཛིན་བྱེད་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-04-26 10:23:00 ཀློག་གྲངས།:


སེ་ར་དགོན་པའི་དཔར་ཁང་།

དཔར་ཤིང་ཆ་ཚང་ཞིང་གསལ་བྱེད་ཀྱི་གོ་རིམ་ལྟར་གསལ་ལེར་སྒྲིག་འདུག་པ།

དཔར་ཤིང་ཆ་ཚང་ཞིང་གསལ་བྱེད་ཀྱི་གོ་རིམ་ལྟར་གསལ་ལེར་སྒྲིག་འདུག་པ།

  སེ་ར་དགོན་པའི་དཔར་ཁང་ནི1982ལོར་བསྐྲུན་པ་ཡིན་ཞིང་། སྐབས་དེའི་ཆེས་ཐོག་མའི་དཔར་བརྐོས་དཔར་གཞི་ནི་ཞོལ་དཔར་ཁང་གི་ལག་བཟོས་དཔར་བརྐོས་ཀྱིས་འདོན་སྤྲོད་བྱས་པ་ཡིན། ད་ལྟ་སེ་ར་དགོན་པའི་དཔར་ཁང་གིས་མུ་མཐུད་དུ་དཔར་གཞི་དེ་ལྟར་ཡང་བསྐྱར་དཔར་ཤིང་བརྐོས་ནས་ནང་བསྟན་བསྟན་བཅོས18ལྷག་དཔར་བ་རེད། ཕྱོགས་སོ་སོའི་རྒྱབ་སྐྱོར་དང་གཞོགས་འདེགས་འོག་དུས་རབས་རིམ་བྱུང་གི་བརྩམས་ཆོས་དག་བསླབ་དེབ་ཏུ་བྱས་ནས་སྲོལ་རྒྱུན་གྱི་དཔར་བརྐོས་ལྟར་པར་དུ་བསྐྲུན་ཏེ་ཕལ་ཆེར་མྱུར་སྐྱོབ་དང་། སྲུང་སྐྱོབ། ལེགས་སྒྲིག་བྱེད་ཐུབ། དེར་མ་ཟད་དེང་རབས་ཀྱི་འདྲ་བཤུ་ལག་རྩལ་ལ་བརྟེན་ནས་གློག་རྡུལ་པར་གཞི་དང་འོད་སྡེར་སོགས་བསྒྲིགས་ནས་སྲུང་སྐྱོབ་བྱས། མིག་སྔའི་བར་དུ་བསྟན་བཅོས་གྲགས་ཅན3000ལྷག་ཤིང་དཔར་དུ་བརྐོས་ནས་དཔེ་དེབ་ཏུ་བསྒྲིགས་ཤིང་། དེ་དག་བསླབ་དེབ་ཏུ་བྱས་ནས་དགེ་ལུགས་པའི་དགོན་སྡེ་རྣམས་སུ་གནང་རྒྱུ་རེད།
  སེ་ར་དགོན་གྱིས་དགོན་པའི་དཔེ་ཁང་དུ་ཚན་རྩལ་ཀློག་དེབ་དང་། བོད་ཀྱི་རྩོམ་རིག  ལོ་རྒྱུས། བོད་ལྗོངས་དམངས་སྲོལ། ཚགས་པར་དང་དུས་དེབ་སོགས་ཁ་སྣོན་བྱས་ལ། བརྗོད་བྱ་ཕུན་སུམ་ཚོགས་པོ་ལྡན་པས་གྲྭ་བཙུན་རྣམས་ཀྱིས་བོད་བརྒྱུད་ནང་བསྟན་ལ་སློབ་སྦྱོང་བྱེད་པའི་ཁར། དེང་རབས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་སོགས་ལ་རྒྱུས་ལོན་བྱས་ཏེ་ཤེས་རྒྱ་བསྐྱེད་ཐུབ་པ་རེད།


བསྟན་བཅོས་འདྲ་བཤུ་བྱས་ནས་གློག་རྡུལ་པར་གཞི་རུ་བཀོད་འདུག་པ།
སེ་ར་དགོན་པའི་དཔེ་ཀློག་ཁང་།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།