མཚོ་སྔོན་བོད་རིག་པའི་ཞིབ་འཇུག་གཞི་གནས་དེ་མཚོ་སྔོན་བོད་ཀྱི་རིག་གནས་ཁང་དུ་བཙུགས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-05-07 08:45:00 ཀློག་གྲངས།:


མཚོ་སྔོན་བོད་ཀྱི་རིག་གནས་ཁང་གི་དྲ་ངོས།

  ཟླ5བའི་ཚེས4ཉིན། ཀྲུང་གོའི་མིའི་རིགས་རིག་པ་དང་མི་རིགས་རིག་པའི་ཞིབ་འཇུག་ཚོགས་པ་མཚོ་སྔོན་བོད་རིག་པའི་ཞིབ་འཇུག་གཞི་གནས་དེ་མཚོ་སྔོན་བོད་ཀྱི་རིག་གནས་ཁང་དུ་བཙུགས་པ་རེད།
  རྒྱུས་ལོན་བྱུང་བ་ལྟར་ན་ཀྲུང་གོའི་མིའི་རིགས་རིག་པ་དང་མི་རིགས་རིག་པའི་ཞིབ་འཇུག་ཚོགས་པ་ནི་རྒྱལ་ཁབ་ཀྱི་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་བྱེད་པའི་རྒྱལ་ཡོངས་རང་བཞིན་གྱི་མིའི་རིགས་རིག་པ་དང་མི་རིགས་རིག་པའི་ཞིབ་འཇུག་ལས་ཁུངས་ཤིག་ཡིན། མཚོ་སྔོན་བོད་ཀྱི་རིག་གནས་ཁང་བཙུགས་པ་ནས་བཟུང་། རིག་གནས་སྲོག་རྩར་འཛིན་པ་དང་། གནས་སྐོར་ལ་བརྟེན་པ། དེང་རབས་ཀྱི་མཚོན་བྱེད་འདུ་ཤེས་རྨང་གཞིར་བྱས་ཐོག  དེང་རབས་ཀྱི་ཚན་རྩལ་བྱེད་ཐབས་ལ་བརྟེན་ནས་བོད་མི་རིགས་ཀྱི་ལོ་རྒྱུས་དང་། སྒྱུ་རྩལ། ཆོས་ལུགས། དམངས་སྲོལ་སོགས་ཁྱོན་ཡོངས་ནས་ངོ་སྤྲོད་བྱས་ཏེ་བོད་ཀྱི་རིག་གནས་ངོས་འཛིན་དང་། ཁྱབ་སྒྲོག  གོང་འཕེལ་དུ་གཏོང་བར་ནུས་པ་ཆེན་པོ་ཐོན་པ་རེད།
  ཀྲུང་གོའི་མིའི་རིགས་རིག་པ་དང་མི་རིགས་རིག་པའི་ཞིབ་འཇུག་ཚོགས་པ་མཚོ་སྔོན་བོད་ཀྱི་རིག་གནས་ཞིབ་འཇུག་གཞི་གནས་ཀྱི་ཞིབ་འཇུག་ཁ་ཕྱོགས་ནི་མཚོ་སྔོན་ཙོང་ཁ་རྫོང་དུ་ཡོད་པའི་མཚོ་སྔོན་བོད་ཀྱི་རིག་གནས་ཁང་ལ་བརྟེན་ནས་བོད་མི་རིགས་ཀྱི་རིག་གནས་ཞིབ་འཇུག་དང་། འགྲེམ་སྟོན། ཁྱབ་སྒྲོག་བྱེད་པ་བརྗོད་བྱར་བཟུང་སྟེ་ཞིབ་འཇུག་ཚོགས་པའི་རིག་གཞུང་འཆར་བཀོད་དང་ཁ་ཕྱོགས་ལ་གཞོགས་འདེགས་བྱས་པར་བརྒྱུད། ནུབ་བྱང་གྲངས་ཉུང་མི་རིགས་ས་ཁུལ་དང་། མདོ་དབུས་མཐོ་སྒང་། བོད་མི་རིགས་དང་འབྲེལ་བའི་མིའི་རིགས་རིག་པའམ་མི་རིགས་རིག་པ་བཅས་ཀྱི་དཔྱད་གཞི་ལ་ཞིབ་འཇུག  དེ་མིན་འབྲེལ་ཡོད་ཀྱི་རིག་གཞུང་དང་ཁྱབ་སྒྲོག་བྱ་འགུལ་སྤེལ་བ་ཡིན།
  མཚོ་སྔོན་བོད་ཀྱི་རིག་གནས་ཁང་གི་དྲ་གནས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།