འབྲོང་རྟགས་ཅན་གྱི་རྩོམ་རིག་དཔེ་ཚོགས་ཐོག་མ་བསྒྱུར་སྒྲིག་བྱས་ཚར་པ།
མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་རྩོམ་རིག་ལོ་ཙཱ་མཐུན་ཚོགས་ཀྱིས་བགྲང་བྱ་ལྔའི་རིང་དུ། འབྲོང་རྟགས་ཅན་གྱི་རྩོམ་རིག་དཔེ་ཚོགས་འདོན་ཐེངས་དང་པོ་གཙོ་བོར་བཟུང་ནས་ལོ་འགོར་བདམས་པའི་བརྩམས་ཆོས་ཁག་བཞི་གཏན་ཁེལ་བྱས་ནས་པར་སྐྲུན་བྱེད་བཞིན་པའི་སྒང་ཡིན་ལ། དཔེ་ཚོགས་འདི་འཆར་གཞི་ལྟར་ན་ཟླ་དྲུག་པར་རྩོམ་པ་པོ་པར་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་བྱ་རྒྱུ་རེད།
འབྲོང་རྟགས་ཅན་གྱི་རྩོམ་རིག་དཔེ་ཚོགས་ཀྱི་འདོན་ཐེངས་དང་པོའི་ཁྲོད《འཇུ་སྐལ་བཟང་གི་སྙན་ངག་གཅེས་བསྡུས》(ལུང་རིན་ཆེན་གྱིས་བསྒྱུར)དང་། 《གཅན་མེ་སྟག་གི་སྙན་ངག་གཅེས་བསྡུས》(ལོ་བརྒྱ་ཚེ་རིང་གིས་བསྒྱུར)། 《ཁྲི་སེམས་དཔའི་སྙན་ངག་གཅེས་བསྡུས》(འཕྲིན་ཁྱུང་གིས་བསྒྱུར།) 《བོད་རིགས་བུད་མེད་སྙན་ངག་པ་བཅོ་ལྔའི་སྙན་ངག་ཕྱོགས་བསྒྲིགས》(འགྱུར་མེད་རྡོ་རྗེ་ཡིས་བསྒྱུར)བཅས་ཁག་བཞི་རུ་འདུས།
བརྩམས་ཆོས་དེ་བཞི་ནི་མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་གྲངས་ཉུང་མི་རིགས་རྩོམ་རིག་ལོ་ཙཱ་མཐུན་ཚོགས་ཀྲུའུ་ཞི་ཚོགས་པས་རྩོམ་རིག་ཁྱབ་ཁོངས་སུ་མཚོ་སྔོན་ཞིང་ཆེན་གྱི་བོད་ཀྱི་ཕ་སྐད་རྩོམ་པ་པོ་མཚམས་སྦྱོར་བྱེད་པའི་བྱུས་ཆེན་ཞིག་ཡིན་པར་མ་ཟད། མཚོ་སྔོན་གྱི་རྩོམ་རིག་ལོ་རྒྱུས་སྟེང་གི་བྱ་གཞག་གལ་ཆེན་ཞིག་ཀྱང་ཡིན། ལས་གཞི་འདིས2012ལོ་ནས་འགོ་བརྩམས་ཏེ་འཆར་བཀོད་ལྟར་ན་ལོ་ལྔའི་ནང་དུ་མཚོ་སྔོན་ཞིང་ཆེན་གྱི་བོད་རིགས་རྩོམ་པ་པོའི་གསར་རྩོམ་བྱས་པའི་རྩོམ་རིག་བརྩམས་ཆོས་ལོ་ཙཱ་དང་། རྩོམ་སྒྲིག པར་བསྐྲུན་བྱེད་པ་ཡིན། དཔེ་ཚོགས་འདི་ལོ་རེར་དེབ་བཞི་དང་། ཐེངས་འདིར་པར་བསྐྲུན་བྱེད་གྲབས་ཡོད་པའི་དཔེ་ཚོགས་ལ་མཚོ་སྔོན་རྩོམ་རིག་དང་རིག་གནས་ཁྱབ་ཁོངས་སུ་ཀུན་གྱི་གདེང་འཇོག་མཐོན་པོ་ཐོབ་ཅིང་། ད་ལོའི་མཚོ་སྔོན་ཞིང་ཆེན་གྱི་སྐབས་བཞི་བའི་བོད་ཀྱི་རྩོམ་རིག་ཚོགས་འདུའི་སྐབས་སུ་འགྲེམ་སྤེལ་བྱ་རྒྱུ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com