《ལྷག་ལྷའི་སྣང་བརྙན་བཟོ་གསར》ཞེས་པའི་ཐང་ག་དཔེ་དེབ་འགྲེམ་སྤེལ་བྱས་པ།
《ལྷག་ལྷའི་སྣང་བརྙན་བཟོ་གསར》།
ཉེ་སྔོན། ནུབ་བྱང་མི་རིགས་སློབ་ཆེན་གྱི་འབུམ་རམས་པའི་ཁྲིད་སྟོན་དགེ་རྒན་དོར་ཞི་ལགས་ཀྱིསpsབཏང་བའི《ལྷག་ལྷའི་སྣང་བརྙན་བཟོ་གསར།—དོར་ཞི་རིན་པོ་ཆེས་རྩིས་འཁོར་སྒྲིག་བཟོ་གནང་བའི་ལྷ་སྐུ100》ཞེས་པའི་དཔེ་ཆ་ཞིག་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་བྱས་པ་མ་ཟད། རྒྱལ་ཡོངས་ས་ཆ་སོ་སོའི་དཔེ་ཁང་དུ་འགྲེམ་ཚོང་བྱེད་རྒྱུ་ཡོད།
ལྷ་སྐུ་རྒྱབ་ངོས་ཀྱི་གསལ་འགྲེལ།
འདིའི་ནང་དགེ་རྒན་དོར་ཞི་ལགས་ཀྱིས་དངོས་སུ་རྒྱུ་ཆ་ལེགས་འདེམས་དང་རྩིས་འཁོར་སྒྲིག་བཟོ་གནང་བའི་ལྷ་སྐུ100འདུས་པ་དང་། རབ་ཏུ་བྱུང་བ་དང་། བྱང་ཆུབ་ཀྱི་སེམས་བསྐྱེད་པ། སའི་སྙིང་བོ་རྟོགས་པ། ཆོས་སྲུང་བ་བཅས་དང་རང་བྱུང་བར་གྱི་འཆམ་མཐུན་ཞི་སྦྱོར་སོགས་མཚོན་པར་བྱས་ཡོད་ཅིང་། ལྷ་སྐུ་རེ་རེའི་རྒྱབ་ངོས་སུ་བོད་རྒྱ་དབྱིན་གསུམ་གྱི་སྒོ་ནས་ལྷ་སྐུ་དེའི་མིང་དང་ལོ་རྒྱུས། ཁྱད་ཆོས། མཚོན་དོན། འདི་ཉིད་དད་པའི་དགེ་མཚན་སོགས་བསྡུས་འགྲེལ་གནང་ཡོད་ལ། བོད་ཀྱི་གསང་སྔགས་རྡོ་རྗེའི་ལྷ་སྐུ་ལ་རྒྱུས་ལོན་བྱེད་པར་གལ་ཆེའི་རྒྱུ་ཆ་ཞིག་ཏུ་ངེས།
དགེ་རྒན་དོར་ཞི་ལགས་ཀྱི་དཔེ་དེབ་ཕྱོགས་བསྒྲིགས།
རྒྱུས་ལོན་པ་ལྟར་ན། བོད་ཀྱི་རིག་གནས་དྲ་བས་ཇུས་འགོད་དང་རྩོམ་སྒྲིག་བྱེད་པའི་དགེ་རྒན་དོར་ཞི་ལགས་ཀྱི་རྒྱ་འགྱུར་མའི་དཔེ་དེབ་ཕྱོགས་བསྒྲིགས་ཏེ། 《བོད་ཡིག་ཆེད་རྩོམ་ལེགས་བསྒྱུར》(བོད་རྒྱ་ཤན་སྦྱར)དང་། 《བྱང་ཆུབ་ལམ་རིམ་ཆེན་མོ》(བོད་རྒྱ་ཤན་སྦྱར)སོགས་དཔེ་དེབ་གསར་བ་བཅུ་ལོ་འདིའི་ནང་འགྲེམ་སྤེལ་བྱ་འཆར་ཡོད་ཅིང་། ནང་སྒོས་སུ་ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱེད་པའི་བོད་ཡིག་པར་གཞི《དོར་ཞི་བློ་བཟང་ཐུབ་བསྟན་ཆོས་འཕེལ་གྱི་བོད་ཡིག་གཅེས་བསྡུས》(གནས་སྐབས་ཀྱི་མིང) ཞེས་པའི་ནང་ཁོང་གི་བོད་ཡིག་ལམ་གྱི་ཆེད་རྩོམ་དང་དཔྱད་རྩོམ་ཡོངས་རྫོགས་འདུས་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com