མིག་ལོ་ཙཱའི་ཚོགས་པས་རྒྱུ་ཆ་འཚོལ་བསྡུ་བྱེད་པའི་བརྡ་སྦྱོར།
མིག་ལོ་ཙཱའི་ཚོགས་པ།
མིག་ལོ་ཙཱའི་ཚོགས་པ་ནི་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་བོད་དབྱིན་འཛིན་གྲྭའི་སློབ་མ་དག་ལས་གྲུབ་ཅིང་། དེང་སྐབས་བོད་ཀྱི་སློབ་ཆེན་པའི་བོད་རྒྱ་དབྱིན་གསུམ་གྱི་ལོ་ཙཱའི་ཚོགས་པ་ཞིག་ཡིན་ཞིང་། ཚོགས་པ་འདིས་བོད་ཀྱི་ཉེར་མཁོའི་ལོ་ཙཱའི་ཕྱོགས་ལ་ཁ་སྐོང་བྱ་རྒྱུ་དམིགས་འབེན་དུ་བྱས་ནས་བཙུགས་པ་དང་། བསྒྱུར་བྱ་གཙོ་བོ་ནི་གཤམ་གསལ་ལྟར།
ཀ རྩོམ་རིག་གཙོས་རྒྱུ་ཆ་སྣ་ཚོགས་སྐད་གསུམ་ལོ་ཙཱ་བྱ་རྒྱུ།
ཁ། སློབ་གྲྭ་ཆུང་འབྲིང་གི་སློབ་མ་རྣམས་ལ་ཟུར་ལྟའི་དཔེ་ཆ་སྣ་ཚོགས་འདོན་སྤྲོད་བྱ་རྒྱུ།
ག ད་ལྟ་ཉེར་མཁོར་གྱུར་བའི་བརྡ་ཁྱབ་སྣ་ཚོགས་ཡིག་བསྒྱུར་བྱ་རྒྱུ།
ང་། བརྙན་འཕྲིན་ཟློས་གར་གྱི་འཁྲབ་གཞུང་སོགས་རྒྱ་ཡིག་དང་བོད་ཡིག དབྱིན་ཡིག་བཅས་ཀྱི་ལམ་ནས་ལོ་ཙཱ་བྱ་རྒྱུ།
དེར་བརྟེན། རྒྱ་ཆེའི་ཤེས་ཡོན་པ་དང་སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣ་རྣམས་ཀྱིས་རང་ལ་མཁོ་བ་དང་གཞན་ལ་ཕན་པར་སྙམ་པའི་རྒྱུ་ཆ་གང་ཡོད་མིག་ལོ་ཙཱའི་ཚོགས་པར་འདོན་སྤྲོད་བྱ་རྒྱུར་སྙིང་ཐག་པ་ནས་རེ་སྨོན་ཞུས་པ་དང་། ཚོགས་པ་འདིས་རྒྱུ་ཆ་འདོན་སྤྲོད་བྱེད་མཁན་དག་གི་འདོད་བློ་སྐོང་ཅི་ཐུབ་བྱ་ངེས་ཡིན།
འབྲེལ་གཏུག་ས་གནས། མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་བོད་དབྱིན་འཛིན་གྲྭ(ETP)
འབྲེལ་གཏུག་མི་སྣ། དབང་ཆེན་ཚེ་རིང(15500598078)དང་། གསོན་ཐར་རྒྱལ།(13369733621)རིན་ཆེན་ཚེ་དགའ(18297193571)བཅས་ཡིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com