ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་རྣམས་ཀྱིས་བོད་ལྗོངས་སློབ་ཆེན་དུ་རྟོག་ཞིབ་གནང་བ།
བོད་ལྗོངས་སློབ་ཆེན་རིག་ཚན་སློབ་གླིང་གི་དགེ་རྒན་རྣམས་དང་བགྲོ་གླེང་བྱེད་བཞིན་པ།
བོད་ལྗོངས་དཔེ་མཛོད་ཁང་དུ་གཟིགས་ཞིབ་གནང་བཞིན་པ།
བོད་ལྗོངས་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་དཔེ་མཛོད་ཁང་ལ་གཟིགས་ཞིབ་གནང་བཞིན་པ།
ཟླ5བའི་ཚེས4ཉིན་ནས་ཚེས7ཉིན་བར་དུ། ནུབ་བྱང་མི་རིགས་སློབ་ཆེན་བོད་ཀྱི་སྐད་ཡིག་དང་རིག་གནས་སློབ་གླིང་གི་དགེ་རྒན་རྣམས་བོད་ལྗོངས་སློབ་ཆེན་དགེ་རྒན་པདྨ་དབང་ཆེན་དང་མགོན་པོ་སྐྱབས་སོགས་བོད་ལྗོངས་སློབ་ཆེན་དུ་སོང་ནས། ཆེད་ལས་འཛུགས་སྐྲུན་དང་། བསླབ་ཚན་འཛུགས་སྐྲུན། བསླབ་དེབ་འཛུགས་སྐྲུན། སློབ་མའི་བྱ་བ་དང་དོ་དམ་སོགས་ཀྱི་ཐད་ལ་རྟོག་ཞིབ་གནང་བར་མ་ཟད། བོད་ལྗོངས་དཔེ་མཛོད་ཁང་དང་བོད་ལྗོངས་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་དཔེ་མཛོད་ཁང་ལ་གཟིགས་ཞིབ་གནང་བ་རེད།
རྟོག་ཞིབ་ཚན་ཆུང་གིས་བོད་ལྗོངས་སློབ་ཆེན་རིག་ཚན་སློབ་གླིང་གི་དགེ་རྒན་རྣམས་དང་ཆེད་ལས་འཛུགས་སྐྲུན་དང་། བསླབ་ཚན་འཛུགས་སྐྲུན། བསླབ་དེབ་འཛུགས་སྐྲུན། སློབ་མའི་བྱ་བ་དང་དོ་དམ་བཅས་ཀྱི་ཐད་ལ་བགྲོ་གླེང་རྒྱ་ཆེན་པོ་གནང་བ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com