《སློབ་ཆུང་སྐད་ཡིག》ཅེས་པའི་ལོ་དེབ་ཀྱི་རྩོམ་བསྡུའི་བརྡ་ཐོ།

རྩོམ་པ་པོ།:སྐུ་ཞབསA། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-05-14 09:31:00 ཀློག་གྲངས།:

           དགེ་རྒན་རྣམས་ལ་སྐད་ཡིག་ངོས་འཛིན་གསལ་བོ་ཞིག་བསྐྱེད་རྒྱུ་དང་སྐད་ཡིག་སློབ་ཁྲིད་སྔར་ལས་དོན་སྙིང་ལྡན་པ་ཞིག་ཡོང་བར་ཕན་རེ་ཨེ་ཐོགས་སྙམ་པའི་ཀུན་སློང་གཞིར་བཅས་ནས་འབའ་རྫོང་སྟག་གསོད་སློབ་གྲྭས་བོད་བུས་གསེར་སྒ་མི་ཐེག་བཞིན་དུ་སྤྱི་དོན་ཞེ་ལ་འཁྱེར་བའི་སྐད་ཡིག་དགེ་རྒན་རྣམས་ལ་དེའི་ཐད་ནས་ཉམས་མྱོང་བརྗེ་རེས་དང་བསམ་བློ་བགྲོ་གླེང་བྱེད་སའི་གར་སྟེགས་ཤིག་བསྐྲུན་རྒྱུའི་ཆོད་སེམས་བརྟན་པོས《སློབ་ཆུང་སྐད་ཡིག》ཅེས་པའི་ལོ་དེབ་ཅིག་བསྒྲུབ་རྒྱུ་ཁུར་དུ་བླངས་བར་སློབ་གསོའི་རྐང་འཛིན་དུ་གྱུར་བའི་དཔྱོད་ལྡན་པ་དག་ནས་རྒྱབ་སྐྱོར་གང་ལེགས་གནང་རྒྱུར་ལྷག་བསམ་དག་པོས་ཐུགས་རྗེ་ཆེ་ཞུའོ།།

གཅིག རྩོམ་བསྡུའི་ཁྱབ་ཁོངས།

ཀ  སློབ་ཁྲིད་ཀྱི་གོ་རིམ་ཁྲོད་ཕན་འབྲས་ངེས་ཅན་ཐོན་མྱོང་ཞིང་གསར་གཏོད་ཀྱི་རང་བཞིན་དང་ཚན་རིག་གི་རང་བཞིན་ལྡན་པའི་སློབ་ཁྲིད་ཀྱི་ཟིན་བྲིས།
ཁ།  སློབ་ཁྲིད་ཀྱི་དངོས་ཡོད་ལག་ལེན་དང་འབྲེལ་ཏེ། སློབ་ཁྲིད་བྱེད་ཐབས་ཐད་ཀྱི་ཉམས་མྱོང་དང་དེ་ལས་འཕྲོས་པའི་བསམ་གཞིག་གསར་བ།
  སློབ་ཆུང་སློབ་མའི་སྐད་ཡིག་གི་ཆུ་ཚད་མཐོར་འདེགས་གཏོང་བའི་ཐད་ཀྱི་ཉམས་མྱོང་དང་བསམ་གཞིག
ང་། སློབ་ཆུང་སློབ་མའི་ལོ་ན། སེམས་ཁམས་དང་འཚམ་པའི་བསླབ་བྱའི་ལྟ་ཀློག་གི་རྒྱུ་ཆ་འདོན་སྤྲོད་དང་སྐད་ཡིག་སློབ་དེབ་ལ་འཚམ་པའི་སློབ་ཚན་འོས་སྦྱོར་བྱེད་པ། (འོས་སྦྱོར་བྱས་པའི་སློབ་ཚན་ལ་སྦྱང་བྱ་དང་དཔྱད་གཞི་སོགས་ཁ་ཚང་ཡིན་དགོས།)
ཅ། ཉམས་མྱོང་ཅན་གྱི་ཕུག་བྱུང་དགེ་རྒན་དང་སྐད་ཡིག་མཁན་པོར་བཅར་འདྲི་བྱས་པའི་ཟིན་བྲིས།
ཆ།  སློབ་ཆུང་སྐད་ཡིག་དང་འབྲེལ་བའི་རང་གི་དོགས་གཞི་དང་དཀའ་གནད་ཐད་ཀྱི་དྲི་བ་སྣ་ཚོགས།(འདི་དག་ང་ཚོས་ཆེད་མཁས་བར་ལན་གདབ་ཏུ་བཅུག་ནས་དེབ་རྗེས་མར་འགོད་རྒྱུ)
ཇ།  སྔོན་ཐོན་རྒྱལ་ཁབ་དང་མི་རིགས་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་ཐབས་དང་སློབ་ཚན་དབྱེ་ཞིབ་སོགས་སློབ་ཆུང་སྐད་ཡིག་དང་འབྲེལ་བའི་ཕུལ་བྱུང་བརྩམས་ཆོས་བོད་འགྱུར་མ།
ཉ།  མིག་སྔའི་སྐད་ཡིག་སློབ་དེབ་ཀྱི་སྒྲིག་གཞི་དང་སློབ་ཁྲིད་ཀྱི་གོ་རིམ་ཁྲོད་གནས་པའི་གནད་དོན། མི་འདང་སའམ་ཞན་ཆ། དེ་ཅི་ལྟར་ཐག་གཅོད་དང་ཁ་གསབ་བྱེད་པའི་ཐབས་ལམ་གསལ་སྟོན་བྱས་ཏེ། མ་འོངས་བར་སྐད་ཡིག་སློབ་གསོ་ཇི་ལྟར་གཉེར་བའི་ཁ་ཕྱོགས།

གཉིས།  རྩོམ་བསྡུའི་རེ་འདུན།

ཀ  སྒྲུབ་བྱེད་ཁུངས་བཙུན་ཞིང་བརྗོད་བྱ་གསལ་བོ་ཡིནཔ།
ཁ།  གསར་གཏོད་རང་བཞིན་དང་ཚན་རིག་རང་བཞིན། ཕན་འབྲས་རང་བཞིན་ལྡན་པ།

གསུམ།  མཉམ་འཇོག་ས།

  སྐད་ཡིག་བསླབ་ཚན་དང་འའབྲེལ་བའི་སློབ་ཁྲིད་ཟིན་བྲིས་དང་བྱེད་ཐབས་སོགས་ལས་སློབ་གསོའི་གཞུང་ལུགས་དང་དོ་དམ་སྐོར་གྱི་རྩོམ་ཡིག་མི་འགོད།
ཁ། བསྒྱུར་རྩོམ་མ་རྩོམ་དང་ལྷུན་ཏུ་སྐུར་དགོས་པར་མ་ཟད། རྩོམ་ཁུངས་དང་རྩོམ་པ་པོ་གསལ་བོར་འགོད་རྒྱུ།

བཞི།  རྩོམ་བསྡུའི་དུས་ཚོད།

         ལོ་རེའི་སྤྱི་ཟླ3པའི་ཚེས1ནས་སྤྱི་ཟླ11པའི་ཚེས1ཉིན་བར།    

ལྔ།  གསལ་བཤད།

         དེབ་ཏུ་བཀོད་པའི་རྩོམ་ཡིག་དག་ལ་རྩོམ་ཡོན་འབུལ་ཐུབ་ཀྱིན་མེད་ལ། བོད་ཀྱི་སློབ་གསོ་དང་བོད་ལྗོངས་སློབ་གསོ་སོགས་ཆེད་གཉེར་དུས་དེབ་ཁག་ལ་འོས་སྦྱོར་བྱ་རྒྱུ་ཡིན། 

དྲུག  རྩོམ་བསྐུར་ཡུལ།

སྦྲགས་སྲིད། 813200
ས་གནས། འབའ་རྫོང་སྟག་གསོད་བཅའ་སྡོད་སློབ་ཆུང་།(同德县斗后索寄宿制小学)
ཡིག་ཟམ།     dsxiaoxueyuwen@yahoo.cn


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།