ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་རྨ་ཆུ་རྫོང་གིས《རྨ་ཆུ་ཀློག་འདོན》པར་སྐྲུན་བྱེད་པར་རྩོམ་བསྡུ་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-05-18 11:40:00 ཀློག་གྲངས།:

         རྒྱུས་ལོན་པ་ལྟར་ན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས《རྨ་ཆུའི་རིག་གནས་ཕྱོགས་བསྡུས》རྩོམ་སྒྲིག་དང་པར་སྐྲུན་བྱེད་རྒྱུ་ཡིན་ཞིང་། དེར《སྐབས་བཞི་བའི་གེ་སར་རྒྱལ་སྤྱིའི(རྨ་ཆུ)བགྲོ་གླེང་ཚོགས་འདུའི་དཔྱད་རྩོམ་གཅེས་བསྡུས》དང་། 《རྨ་ཆུ་ཀློག་འདོན》(རྩོམ་རིག་བརྩམས་ཆོས་གཅེས་བསྡུས)།     《གཞས་དབྱངས་ཐོག་མའི་མཚར་ཉམས》། 《བོད་ཀྱི་རྩོམ་རིག་བརྩམས་ཆོས་གཅེས་བསྡུས》བཅས་དཔེ་དེབ་གསུམ་འདུས། 
         《རྨ་ཆུ་ཀློག་འདོན》ཞེས་པའི་རྩོམ་བསྡུའི་དུས་ཡུན་ནི་ད་ནས་ཟླ6པའི་ཚེས15བར་ཡིན་ཞིང་།  རྩོམ་ལུས་ལ་ལྷུག་རྩོམ་དང་སྙན་ངག་སོགས་དང་།  རྩོམ་གྱི་ཁ་བྱང་ལ་ཚད་བཀག་མེད་པ། དེར་མ་ཟད་ཡིག་འབྲུ500ཡས་མས་ཀྱི་རྩོམ་པ་པོ་ངོ་སྤྲོད་དང་གསར་རྩོམ་གྱི་ཚོར་འདུ་བརྗོད་པ། ཉེ་དུས་ཀྱི་འདྲ་པར2བཅས་དགོས།
         ཐེངས་འདིར་རྨ་ཆུ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་གཙོ་སྒྲུབ་དང་། ཀྲུང་གུང་རྨ་ཆུ་རྫོང་ཨུའི་དྲིལ་བསྒྲགས་པུས་འགན་སྒྲུབ་གནང་ལ། 《རྨ་ཆུ་ཀློག་འདོན》རྩོམ་སྒྲིག་ཁང་གིས་རྩོམ་སྒྲིག་བྱེད་པའི་འགན་བཞེས་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།