མི་རིགས་སློབ་ཆེན་གྱི་བསླབ་གཞི་གཉིས་རྒྱལ་ཁབ་གཅེས་ནོར་སྤྱི་སྦྱོང་བསླབ་གཞིར་ཚུད་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-05-28 10:18:00 ཀློག་གྲངས།:

         ཉེ་ལམ།  2012ལོའི་རྒྱལ་ཁབ་གཅེས་ནོར་བརྙན་གཟུགས་སྤྱི་སྦྱོང་བསླབ་གཞི་འཛུགས་སྐྲུན་དངོས་སུ་འགོ་བརྩམས་ཤིང་། སློབ་གསོ་པུས2012ལོའི་གཅེས་ནོར་བརྙན་གཟུགས་སྤྱི་སྦྱོང་བསླབ་གཞིའི་སྐབས་དང་པོའི་བསླབ་གཞི་སྦྱོང་ཚན་འཛུགས་སྐྲུན་མིང་ཐོ་ཁྱབ་བསྒྲགས་བྱས།  ནུབ་བྱང་མི་རིགས་སློབ་ཆེན་གྱི་སྦྱོང་ཚན་ཁ་བྱང《བོད་ཀྱི་དམངས་ཁྲོད་རྩོམ་རིག》(གཙོ་ཁྲིད་དགེ་རྒན། པདྨ་དབང་ཆེན་དང་རྒྱལ་མཚན་ཚེ་རིང་སོགས་ཡིན)།   མཚོ་སྔོན་མི་རིགས་སློབ་ཆེན་གྱི་སྦྱོང་ཚན་ཁ་བྱང《བོད་ཀྱི་རྩོམ་རིག་ལོ་རྒྱུས། ཐུ་བྷོད་རྩོམ་རིག》(གཙོ་ཁྲིད་དགེ་རྒན། རྟ་མགྲིན་དང་བུ་བཞི་སོགས་ཡིན)བཅས་སྦྱོང་ཚན་བསླབ་གཞི་གཉིས་དེའི་གྲས་སུ་ཚུད་པ་རེད།
         དེ་མིན་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སྦྱོང་ཚན་ཁ་བྱང《མཛེས་རྩལ་རིག་པའི་འཆད་ཁྲིད་བཅུ》(གཙོ་ཁྲིད་དགེ་རྒན། ཀྲོའོ་ཧྲི་ལིན་ཡིན)སོགས་སྦྱོང་ཚན་གཉིས་དང་།  ས་གནས་མི་རིགས་མཐོ་རིམ་སློབ་ཆེན་ཏེ་ཀོང་ཞི་མི་རིགས་སློབ་ཆེན་གྱི་སྦྱོང་ཚན་ཁ་བྱང《མི་རིགས་གནད་དོན་དང་འཆམ་མཐུན་འཕེལ་རྒྱས》སོགས་སྦྱོང་ཚན་གསུམ་བཅས་ཀྱང2012ལོའི་སྐབས་དང་པོའི་གཅེས་ནོར་བརྙན་གཟུགས་སྤྱི་སྦྱོང་བསླབ་གཞི་འཛུགས་སྐྲུན་འཆར་འགོད་དུ་ཚུད།
         གཅེས་ནོར་བརྙན་གཟུགས་སྤྱི་སྦྱོང་བསླབ་གཞི་ནི་རྒྱལ་ཁབ་ཀྱི་གཅེས་ནོར་སྤྱི་སྦྱོང་བསླབ་གཞིའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་།  མཐོ་རིམ་སློབ་ཆེན་གྱི་སློབ་མར་ཞབས་ཞུ་སྒྲུབ་པ་དམིགས་སུ་བཟུང་སྟེ་ཀྲུང་གོའི་སློབ་ཆེན་བརྙན་གཟུགས་སྤྱི་སྦྱོང་བསླབ་གཞིའི་རྣམ་པས“བསླབ་གཞིར་མོས་པ”ཞེས་པའི་དྲ་བ་དང་དེའི་མཉམ་འབྲེལ་དྲ་བ་སོགས་སུ་སྟོན་པ་མ་ཟད། དེ་ནི་སྤྱི་ཚོགས་ཀྱི་སྤྱི་དམངས་ཡོངས་ལ་ཁ་གཏད་པའི་ཚན་རིག་དང་རིག་གནས་སྤུས་ཚད་སློབ་གསོའི་དྲ་རྒྱའི་བརྙན་གཟུགས་བསླབ་གཞི་དང་རིག་གཞུང་གླེང་རྟགས་ཤིག་ཏུ་ངེས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།